མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་བསྐོས་ཕོ་ཉ་ཡིས་ཡེ་མོན་གྱི་འགལ་ཟླ་ཆེ་རུ་འགྲོ་བའི་ཐ་ཚིག་བསྒྲགས།

2026-08-13
330

ཡེ་མོན་སྨྱན་སྦྱོར་གྱིས་ཚེས10ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཡེ་མོན་སྲིད་གཞུང་གིས་ཉིན་དེར་བསྟན་དོན། ཧུའུ་སའེ་དྲག་ཆས་ཀྱིས་འཇབ་རྒོལ་བྱས་པར་ཨ་ལན་སློག་རྒྱུ་ཡིན་ཟེར། ཡེ་མོན་སྲིད་གཞུང་དམག་གིས་གནས་བབ་ཇེ་སྡུག་ཏུ་འགྲོ་བར་ཁ་གཏད་འཇལ་བའི་གྲ་སྒྲིག་བྱས་ཡོད། དེའི་སྔོན་ཉི་མར། ཧུའུ་སའེ་དྲག་ཆས་ཀྱིས་ཡེ་མོན་གྱི་ཐ་དབྱི་ཙི་ཞིང་ཆེན་གྱི་ཧུང་ཧའེ་མཚོ་འགྲམ་གྱི་མོ་ཁ་གྲུ་ཁའི་སྲིད་གཞུང་དམག་གི་གཅིག་སྡུད་ས་ཚིགས་དང་གོ་མཚོན་མཛོད་ལ་འཇབ་རྒོལ་བྱས་པས་མི་སྣར་ཤི་རྨས་བྱུང་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མོན་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཀི་ལོན་ཏི་པེ་ལི་ཡིས་ཚེས10ཉིན་ཐ་ཚིག་བསྒྲགས་དོན། དེང་སྐབས་ཡེ་མོན་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་བས། རྒྱལ་ཁབ་དེ་སླར་ཡང་ཁྱོན་ཡོངས་ཀྱི་འགལ་ཟླའི་ནང་ལྷུང་སྲིད། ཁོས་ཕྱོགས་སོ་སོས་ཅི་ནུས་ཀྱིས་བཟོད་གསོལ་བྱས་ཏེ། བྱེད་ཐབས་ཏན་ཏིག་སྤྱད་དེ་གནས་བབ་ཇེ་ལེགས་སུ་སྐུལ་འདེད་གཏོང་བ་དང་། མང་ཚོགས་དང་དམངས་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས།



  • 顶