ཁོ་ལོམ་པི་ཡར་ས་ཡོམ་ཚད་རིམ7.5བྱུང་ནས“རྒྱལ་ཁབ་གནོད་འཚེའི་རྣམ་པར”སླེབས།

2026-08-13
248

ཁོ་ལོམ་པི་ཡའི་ནུབ་བྱང་རྒྱུད་དུ་ཚེས10ཉིན་ཚད་རིམ7.5རིམ་པའི་ས་ཡོམ་དྲག་པོ་བྱུང་བ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ80ཡིན། ས་ཡོམ་ཁྲོད་མི132རྐྱེན་ལམ་དུ་ཤོར་བ་དང་། མི570ལ་རྨས་སྐྱོན་ཕོག ཁོ་ལོམ་པི་ཡ་རྒྱལ་ཡོངས་ཀྱི་གྲོང་ཁྱེར32ལ་གནོད་འཚེ་ཚབས་ཆེན་ཐེབས་ནས། “རྒྱལ་ཁབ་གནོད་འཚེའི་རྣམ་པར”སླེབས།

ཁོ་ལོམ་པི་ཡའི་ས་གཤིས་བརྟག་དཔྱད་ཅུས་ཀྱི་གནས་ཚུལ་ལྟར་ན། ཡོམ་ལྟེ་ནི་ཁོ་ལོམ་པི་ཡའི་ནུབ་བྱང་རྒྱུད་ཀྱི་ཧྲིན་ཧི་སའེ་ཏི་འར་ཕ་འར་མ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་བྱུང་བ་དང་། ཁང་པ1600ལ་གཏོར་སྐྱོན་ཕོག མིག་སྔར་ཁོ་ལོམ་པི་ཡའི་ཞིང་ཆེན་ལྔ་ཡི་ལྟེ་བའི་གྲོང་ཁྱེར་ཉེན་ཟོན་དམར་མདོག་རྣམ་པར་གནས། ཁོ་ལོམ་པི་ཡའི་སྲིད་འཛིན་ཏི་ལ་ཨའེ་སི་ཕུའུ་ལེ་ཡ་ཡིས་བསྟན་དོན། མིག་སྔའི་ལས་འགན་ཨང་དང་པོ་ནི་ཞིག་རོའི་འོག་སྦས་པའི་མང་ཚོགས་སྐྱོབ་རྒྱུ་དེ་ཡིན་ཟེར།

གནོད་འཚེ་ཚབས་ཆེན་ཐེབས་པའི་ཁ་ལི་གྲོང་ཁྱེར་དུ། སྨན་བཅོས་ལས་ཁུངས་གནོན་ཤུགས་ཆེན་པོར་འཕྲད་ཡོད་པ་དང་། རིམ་པ་མཐོ་ཤོས་ཀྱི་ཉེན་ཟོན་རྣམ་པར་སླེབས་ཡོད། ས་ཡོམ་བྱུང་རྗེས། ས་ཁུལ་ཁག་ཅིག་ཏུ་རི་ཉིལ་བ་དང་འདམ་རུད་སོགས་ཞོར་ཐོན་གནོད་འཚེ་བྱུང་ནས། གཞུང་ལམ་མང་པོ་བཀག ས་ཡོམ་བྱུང་བའི་རྐྱེན་གྱིས་ད་དུང་གནམ་གྲུ་ཐང7སྐབས་ཤིག་ལ་འཁོར་གཉེར་བྱེད་མཚམས་བཞག

མིག་སྔར། ཁོ་ལོམ་པི་ཡའི་གྲོང་ཁྱེར་མང་པོ་ཞིག་གིས་མཚན་འགྲུལ་འགོག་པ་ཁྱབ་བསྒྲགས་བྱས་ནས། རོགས་སྐྱོབ་ལས་དོན་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།



  • 顶