གཞི་གྲངས་ལྟར་ན་ཨ་རིའི་ཟླ7པའི་ཆ་སྙོམས་ཀྱི་དྲོད་ཚད་ཆེས་མཐོ་བར་སླེབས།

2026-08-13
426

ཨ་རིའི་རྒྱལ་ཁབ་ཀྱི་རྒྱ་མཚོ་དང་རླུང་ཁམས་དོ་དམ་ཅུས་ཀྱིས་ཚེས10ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ7པར་ཨ་རིའི་ཆ་སྙོམས་དྲོད་ཚད་ཟིན་ཐོར་བཀོད་པའི་ཚུན་གྱི་མཐོ་ཤོས་སུ་སླེབས་པ་དང་ཏུའུ་ཉེར་བཞི་གྲངས་ཆུང་དགུ་བཞི་ཟིན། དུས་མཚུངས་སུ་ཟླ་བདུན་པའི་ཨ་རི་ཡོངས་ཀྱི་ཆར་ཆུ་འབབ་ཚད་ཟིན་ཐོར་བཀོད་པའི་ཚུན་གྱི་ཟླ་གཅིག་རིང་ཆེས་ཉུང་བའི་ཨང་གསུམ་པ་རེད། ལས་ཁུངས་དེས་བསྟན་དོན། ཟླ8པའི་ཟླ་སྟོད་བར་ཨ་རིའི་ས་ཁུལ་ཕྱེད་ཀ་ཙམ་ལ་ཐན་པ་བྱུང་།

ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་ཁྱབ་རྒྱ་ཆེ་བའི་ཐན་པ་བྱུང་ཞིང་། ནགས་མེ་གང་སར་མཆེད།

ཉིན་དེར། ཡོ་རོབ་མནའ་འབྲེལ་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀི་པའེ་ནེ་གནམ་གཤིས་འགྱུར་ལྡོག་ཞབས་ཞུ་ཅུས་ཀྱིས་སྒྲོག་སྤེལ་བྱས་པའི་སྤྱི་བསྒྲགས་ལྟར་ན། ཐན་པ་བྱུང་བས་ཟླ7པར་ཡོ་རོབ་གླིང་གི་ནུབ་རྒྱུད་དང་དབུས་རྒྱུད་ལ་བསྟུད་མར་ཤུགས་རྐྱེན་ཐེབས་པ་དང་། ཡོ་རོབ་ཀྱི་ས་ཆ་མང་པོའི་ཆུ་ཚད་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་དོད་པོས་དམའ་བ་དང་། སའེ་ན་གཙང་པོ་དང་། ལའེ་དབྱིན་གཙང་པོ། ཏའོ་ནའོ་གཙང་པོ་བཅས་དེ་བས་མངོན་གསལ་དོད་པོ་རེད། རྒྱལ་ཁབ་མང་པོའི་ཆུ་མཁོ་འདོན་དང་། ཞིང་ཆུ་འདྲེན་པ། ནང་ཁུལ་གྱི་ཆུ་ཐོག་སྐྱེལ་འདྲེན་དང་། སྐྱེ་ཁམས་མ་ལག ནུས་ཁུངས་ཐོན་སྐྱེད་བཅས་ལ་རྒྱུན་མཐུད་ངང་གནོན་ཤུགས་ཐེབས།

ཚེས10ཉིན་དབྱིན་ཇི་སྲིད་གཞུང་གིས་བསྟན་དོན། རྒྱལ་ཁབ་དེའི་ས་ཁུལ70%ལྷག་ལ་ཐན་པ་བྱུང་བ་དང་། མི་བྱེ་བ2ས་ཡ7ལ་ཆུའི་དཀའ་ངལ་བྱུང་ཚུལ་བཤད། ཧྥ་རན་སེའི་སྐྱེ་ཁམས་ཚུལ་སྒྱུར་པུའུ་ཡིས་ཉིན་དེར་བསྟན་དོན། ཧྥ་རན་སེར་ཐན་པ་ཚབས་ཆེན་བྱུང་བཞིན་ཡོད་པ་དང་། ས་གནས་དེ་གའི་སུམ་ཆའི་གཉིས་ལས་བརྒལ་བའི་ཞིང་ཆེན་དག་རིམ་པ་མཐོ་བའི“ཉམས་ཉེན”གྱི་གནས་སུ་ལྷུང་། སི་ལོ་ཝ་ཁེ་ཆུ་དཔྱད་གནམ་གཤིས་ཞིབ་འཇུག་ཁང་གིས་ཉིན་དེར་སྤྱི་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཐན་པ་བྱུང་བ་དེས་རྒྱལ་ཁབ་དེའི་ས་ཁུལ95%ཙམ་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། སི་ཕེན་དུ་རྒྱལ་ཁབ་དེའི་ལྷོ་ནུབ་རྒྱུད་ཀྱི་ཝེ་འར་ཝ་ཞིང་ཆེན་གྱི་གསར་དུ་འབར་བའི་ནགས་མེ་ཞིག་ཚེས10ཉིན་ཚོད་འཛིན་ཤོར་ཏེ། མེ་ལྕེ་མཆེད་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ200ལས་བརྒལ་བ་དང་། སྡོད་དམངས800ལྷག་ཁ་བཀྲམ།



  • 顶