ཝེ་ནེ་ཙུའེ་ལ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཧའོ་འར་ཧི.ལོ་ཏི་ལེ་ཀི་སི་ཡིས་ཚེས10ཉིན་བཤད་རྒྱུར། ཟླ6པའི་ཚེས24ཉིན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས6301ལ་སླེབས།
ཧའོ་འར་ཧི.ལོ་ཏི་ལེ་ཀི་སི་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་སྒྲོག་སྤེལ་བྱས་པའི་ཆ་འཕྲིན་གསར་པ་ལྟར་ན། ཚེ་སྲོག་བསྐྱབས་པའི་མི་གྲངས6462ཡོད། སྨན་ཁང་དུ་སྨན་བཅོས་དང་ལེན་བྱས་པའི་མི་གྲངས་བདུན་ཁྲི་སུམ་སྟོང་སུམ་བརྒྱ་ང་དྲུག་ཡོད། ཝེ་ནེ་ཙུའེ་ལ་གཞུང་ཕྱོགས་ཀྱིས་ཁང་བ་ལྔ་ཁྲི་སུམ་སྟོང་སུམ་བརྒྱ་བཅུ་བཞིར་དཔྱད་འཇོག་བྱས་ནས། དེའི་ཁྲོད་ཁང་བ་ཆིག་ཁྲི་ཉིས་སྟོང་བཞི་བརྒྱ་བཅུ་གཅིག་གི་ནང་མི་བསྡད་མི་ཆོག་པའི་ཚོད་འཛིན་བྱས། ཁང་བ་དགུ་སྟོང་ལྔ་བརྒྱ་རེ་བདུན་ཉེན་ཁ་ཆེ་བའི་རྣམ་པར་གནས་ཡོད། ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་ས་ཡོམ་གནོད་ཁུལ་དུ་སོ་ཕག་ཧྲུག་ཆག་ཏུན་བཞི་འབུམ་བརྒྱད་ཁྲི་སུམ་སྟོང་གཙང་སེལ་བྱས་ཡོད།
ཟླ6པའི་ཚེས24ཉིན་གྱི་དགོང་མོར། ཝེ་ནེ་ཙུའེ་ལ་རུ་ལོ་བརྒྱ་ལྷག་རིང་གི་ས་ཡོམ་དྲག་པོ་བྱུང་ཞིང་། སྐར་མ་གཅིག་གི་རིང་ཚད་རིམ7ཡན་གྱི་ས་ཡོམ་དྲག་པོ་ཐེངས་གཉིས་བྱུང་།
འཕྲིན་སྟེགས། weikangba