ཧུའུ་སའེ་དྲག་ཆས་ཀྱིས་ཡེ་མོན་སྲིད་གཞུང་དམག་གི་དམིགས་འབེན་དང་སོ་ཏི་ཨ་རབ་ཀྱི་སྣུམ་སྦྱང་བཟོ་གྲྭར་འཇབ་རྒོལ་བྱས་པ་བསྟན།

2026-08-12
259

ཚེས9ཉིན། ཡེ་མོན་ཧུའུ་སའེ་དྲག་ཆས་ཀྱིས་བསྟན་དོན། རྩ་འཛུགས་དེས་ཉིན་དེར་འཕུར་མདེལ་དང་མི་མེད་གནམ་གྲུ་སྤྱད་དེ་ཡེ་མོན་གྱི་ཐ་དབྱི་ཙི་ཞིང་ཆེན་གྱི་ཧུང་ཧའེ་མཚོ་འགྲམ་གྱི་མོ་ཁ་གྲུ་ཁའི་ཡེ་མོན་སྲིད་གཞུང་དམག་གི་འདུས་གནས་དང་། མཚོན་ཆའི་མཛོད་ལ་འཇབ་རྒོལ་བྱས། ཡེ་མོན་སྲིད་གཞུང་དམག་གིས་ཚེས10ཉིན་བསྟན་དོན། ཧུའུ་སའེ་དྲག་ཆས་ཀྱི་འཇབ་རྒོལ་ལས་ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་བ་དང་། མི30ལ་རྨས་ཕོག

ཧུའུ་སའེ་དྲག་ཆས་ཀྱིས་ཚེས་དགུ་ཉིན་ད་དུང་བསྟན་དོན། མི་མེད་གནམ་གྲུ་སྤྱད་དེ་སོ་ཏི་ཨ་རབ་ཀྱི་ཨ་མེ་ཀུང་སིའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭར་རྡུང་རྡེག་བཏང་སྟེ།   ཡར་སྔོན་ལ་སོ་ཏི་ཨ་རབ་ཀྱི་མི་མེད་གནམ་གྲུས་ཡེ་མོན་མངའ་ཁོངས་ཀྱི་བར་སྣང་ལ་བཙན་འཛུལ་བྱས་བའི་བྱ་སྤྱོད་ལ་ཕྱིར་ལན་སློག་པ་རེད། སོ་ཏི་ཨ་རབ་དཔོན་ཕྱོགས་ཀྱིས་གནས་སྐབས་སུ་དོན་དེར་ལན་མ་བཏབ། སོ་ཏི་ཨ་རབ་ནུས་ཁུངས་པུའུ་ཡིས་ཉིན་དེར་བསྟན་དོན། ཅི་ཙན་དུ་གནས་པའི་ཨ་མེ་ཀུང་སིའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་སྒྲིག་བཀོད་ཅིག་ལ་ཉིན་དེར་མེ་སྐྱོན་བྱུང་ཞིང་། མི་སྣར་ཤི་རྨས་བཟོས་མེད། ཡིན་ཡང་།  སོ་ཏི་ཨ་རབ་ནུས་ཁུངས་པུའུ་ཡིས་མེ་སྐྱོན་གྱི་འབྱུང་རྐྱེན་གསལ་བཤད་བྱས་མེད།



  • 顶