ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ285བཀག་འགོག་བྱས་ནས་སར་འཕངས།

2026-08-12
224

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས9ཉིན་གྱི་དགོང་མོར་བརྡ་ཁྱབ་བཏང་ནས་བཤད་རྒྱུར། མོ་སི་ཁོ་ཡི་ཉིན་དེའི་སྔ་དྲོའི་དུས་ཚོད8དང་སྐར་མ་ཉི་ཤུའི་སྟེང་། ཨུ་རུ་སུའི་མཁའ་ཟོན་དཔུང་སྡེ་ཡིས་ཨུ་རུ་སུའི་ས་ཁུལ་མང་པོ་རུ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ285བཀག་འགོག་བྱས་ནས་སར་འཕངས།

བརྡ་ཁྱབ་བཏང་བ་ལས་བཤད་རྒྱུར། མི་མེད་གནམ་གྲུ་འདི་དག་ནི་པེ་འར་ཀི་ལོ་ཏི་མངའ་སྡེ་དང་ཁུའུ་འར་སི་ཁི་མངའ་སྡེ། པུའུ་ལང་སི་ཁི་མངའ་སྡེ། ཐུའུ་ལ་མངའ་སྡེ། ལི་ཕེ་ཚི་ཁི་མངའ་སྡེ། ལིང་ཙན་མངའ་སྡེ། ཨའོ་ལུའོ་འར་མངའ་སྡེ། ཁཱ་ལུའུ་ཅ་མངའ་སྡེ། དེ་བཞིན་མོ་སི་ཁོ་ཡི་ས་ཁུལ་སོགས་ཀྱི་མཁའ་དབྱིངས་སུ་བཀག་འགོག་བྱས་ནས་སར་འཕངས་པ་རེད།

བརྡ་ཁྱབ་བཏང་བ་ལས་ད་རུང་བཤད་རྒྱུར། ཨུ་རུ་སུའི་དྲག་ཆས་དཔུང་སྡེ་ཡིས་ཝུའུ་ཁི་ལན་རྒྱལ་ཁོངས་ནང་གི་ཚ་ནུས་གློག་འདོན་བཟོ་གྲྭ་དང་གློག་སྒྱུར་ས་ཚིགས7ལ་མཁའ་རྒོལ་བྱས་པ་མ་ཟད། མི་མེད་གནམ་གྲུས་ཝུའུ་ཁི་ལན་གྱི་སུའུ་མའེ་མངའ་སྡེ་ཡི་རང་བྱུང་རླངས་ཞིང་རྨང་གཞིའི་སྒྲིག་བཀོད་ཅིག་ལ་རྡུང་རྡེག་བཏང་།


  • 顶