ཨ་རིའི་སྨྱན་སྦྱོར་གྱིས་ཐི་ལང་ཕུའུ་ཡིས་དབྱི་ལང་ལ་དཔལ་འབྱོར་གནོན་ཤུགས་སྟེར་བསམ་པ་ལས་དམག་དོན་རྡུང་རྡེག་གཏོང་བ་མིན་ཟེར།

2026-08-12
423

ཨ་རིའི་ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱིས་ཚེས9ཉིན་གསར་འགོད་ལྟར་ན། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་དེའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལང་ལ་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་བསམ་པ་ལས། དམག་དོན་འགུལ་སྐྱོད་གསར་པ་སྤེལ་བ་མིན་ཟེར།

ཐི་ལང་ཕུའུ་ཡིས་ཐེངས་འདིའི་ཁ་པར་གྱི་བཅར་འདྲི་ཐུང་ངུའི་ནང་དུ་བསྟན་དོན། ང་ཚོས་མངོན་ཆུང་གིས་དོན་དག་འདི་ཐག་གཅོད་བྱེད་ཀྱིན་ཡོད། ང་ཚོས་དབྱི་ལང་དང་དངོས་གཞི་ཕྱེད་ཀའི་གྲོས་མོལ་བྱས་པ་ཡིན་ལ། ང་ཚོས་དབྱི་ལང་དངུལ་ལོར་འགྲེམས་ཐལ་ཤོར་བ་ཚབས་ཆེ་བའམ་ཡང་ན་སྒོར་མོ་མེད་པའི་དོན་དངོས་ལ་འཕྲད་པར་ལྟ་ཞིབ་བྱེད་ཀྱིན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་རིའི་མཚོ་ཐོག་བཀག་སྡོམ་བཀའ་རྒྱ་ཡིས་དབྱི་ལང་གི་དཔལ་འབྱོར་ལ་དཀའ་ཁག་འཕར་མ་སྟེར་སྲིད་ཟེར།

ཐི་ལང་ཕུའུ་ཡིས་ད་རུང་བཤད་རྒྱུར། སྣུམ་གོང་སྣུམ་ཟོ་གང་རེར་ཨ་སྒོར75ལས་ཅུང་ཙམ་མཐོ་བར་མར་ཆག་པ་ན། ཨ་རིའི་འཛད་སྤྱོད་པས་དམག་འཐབ་གནས་ཚུལ་ཁྲོད་ཚོར་བའི་སྡུག་བསྔལ་ཅུང་ཙམ་ཇེ་ཉུང་དུ་སོང་། དབྱི་ལང་དང་ཡང་དང་བསྐྱར་དུ་འགྲན་རྩོད་བྱས་པ་གླེང་སྐབས། ཁོས་དོན་དག་ཐག་ཆོད་ངེས་ཡིན། ཐག་ཆོད་ནོ་ཁོ་ཐག་ཡིན་ཟེར།

དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་ཡིས་ཚེས9ཉིན་བཤད་རྒྱུར། མིག་སྔར་དབྱི་ལང་གིས་ཨ་རིར་གྲོས་མོལ་ཅི་ཡང་བྱས་མེད། ཨ་རིས་བཟོད་གསོལ་བརྗེད་ཐོར་རྒྱབ་འགལ་བྱས་པའི་བྱ་སྤྱོད་མཚམས་འཇོག་པ་དང་དེར་མཚུངས་ཀྱི་ཆིངས་ཡིག་དང་འགལ་བའི་བྱ་སྤྱོད་ལ་ཁ་གསབ་མ་བྱས་གོང་། དབྱི་ལང་ཕྱོགས་ཀྱིས་ཕྱོགས་གཉིས་བར་ཡང་བསྐྱར་གྲོས་མོལ་བྱེད་པའི་ཆ་རྐྱེན་མེད་པར་འདོད།

ཨ་རིའི་སྲིད་འཛིན་གཞོན་པ་ཝན་སི་ཡིས་ཚེས8ཉིན་བསྟན་དོན། ཨ་རི་དང་དབྱི་ལང་གི་འགལ་ཟླ་ད་རུང་མཇུག་སྒྲིལ་མེད། འོན་ཀྱང་འགོ་བརྩམས་པའི་དུས་རིམ་དུ་གནས་པ་མིན་པར། དུས་རིམ་བར་མ་རུ་གནས་ཡོད་ཟེར། ཁོས་བཤད་རྒྱུར། ཨ་རིས་ཕྱི་འབྲེལ་དང་དཔལ་འབྱོར། དམག་དོན་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ཕྱོགས་བསྡུས་ཀྱིས་སྤྱད་དེ། མཇུག་མཐར་གྲུབ་འབྲས་བཟང་བོ་ཞིག་ལོན་པར་ཁག་ཐེག་བྱེད་དགོས་ཟེར།


  • 顶