ནི་ཀྲེར་རྒྱལ་ཁབ་ཏུ་འགྲུལ་སྐྱེལ་རླངས་འཁོར་གཉིས་གདོང་ཐུག་བརྒྱབ་ནས་མི22རྐྱེན་ལམ་དུ་ཤོར་ཞིང་། མི37ལ་རྨས་ཕོག

2026-08-11
490

ནི་ཀྲེར་འགྲིམ་འགྲུལ་དང་དམངས་སྤྱོད་མཁའ་འགྲུལ་པུའུ་ཡིས་ཚེས8ཉིན་བཤད་རྒྱུར། རྒྱལ་ཁབ་འདིའི་ནུབ་རྒྱུད་ཐ་ཝ་ཏ་ས་ཁུལ་མ་ཏ་ཝ་ཉེ་འགྲམ་དུ་ཚེས7ཉིན་འགྲུལ་སྐྱེལ་རླངས་འཁོར་གཉིས་གདོང་ཐུག་བརྒྱབ་ནས། ཉུང་མཐར་ཡང་མི22རྐྱེན་ལམ་དུ་ཤོར་ཞིང་། མི37ལ་རྨས་ཕོག རྐྱེན་ལམ་དུ་ཤོར་མཁན་ཁྲོད་དམག་མི17ཚུད་ཡོད་ཟེར།

ནི་ཀྲེར་འགྲིམ་འགྲུལ་དང་དམངས་སྤྱོད་མཁའ་འགྲུལ་པུའུ་ཡིས་བརྡ་ཁྱབ་བཏང་བ་ལྟར་ན། དོན་རྐྱེན་འདི་མ་ཏ་ཝ་དང་བར་ཐག་སྤྱི་ལེ55ཡོད་པའི་གཞུང་ལམ་ཞིག་གི་སྟེང་བྱུང་བ་རེད། ནི་ཀྲེར་རྒྱལ་ཁབ་གསར་འགྱུར་ཁང་གི་གསར་འགོད་ལྟར་ན། དོན་རྐྱེན་བྱུང་བར་འབྲེལ་བ་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་གཉིས་ཀྱི་གཅིག་གི་ནང་དུ་དམག་མི་བསྡད་ཡོད་ཟེར།

མིག་སྔར། རྨས་མ་སྨན་ཁང་དུ་བསྐྱལ་ནས་སྐྱོབ་བཅོས་བྱེད་ཀྱིན་ཡོད། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་འདི་བྱུང་བའི་བྱེ་བྲག་གི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་ཀྱིན་ཡོད།

ཉེ་བའི་ལོ་འགའི་རིང་། ནི་ཀྲེར་རྒྱལ་ཁབ་ཏུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་བྱུང་བཞིན་ཡོད། ནི་ཀྲེར་རྒྱལ་ཁབ་གསར་འགྱུར་ཁང་གིས་ནི་ཀྲེར་བགྲོད་ལམ་བདེ་འཇགས་ལས་ཁུངས་ཀྱི་ཡར་ཞུ་དྲངས་ནས་བཤད་རྒྱུར། 2025ལོར་ནི་ཀྲེར་རུ་འགྲིམ་འགྲུལ་དོན་རྐྱེན7100ཡན་བྱུང་ནས། མི1200ལྷག་རྐྱེན་ལམ་དུ་ཤོར་ཞིང་། མི4400ལྷག་ལ་རྨས་ལྗི་མོ་ཕོག་ཡོད་ཟེར།


  • 顶