ཚེས8ཉིན། དབྱི་ལང་གིས་ཧོ་འར་མུའུ་ཙི་མཚོ་འགག་སྒོ་འབྱེད་པར་ཨ་རིར་ཆ་རྐྱེན་མང་པོ་བཏོན་ཞིང་། དབྱི་ལང་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཙུའོ་ལེ་ཅ་ཏི་འར་གྱིས་ཉིན་དེར་བཏོན་པའི་ཡིག་ཆའི་ཆ་རྐྱེན་ནང་དུ། དབྱི་ལང་དང་དེ་བཞིན་ས་ཁུལ་གྱི་མནའ་འབྲེལ་གྲོགས་པོར་དམག་དོན་འགུལ་སྐྱོད་དུས་གཏན་དུ་སྤེལ་མཚམས་འཇོག་དགོས་པ་དང་། དབྱི་ལང་གི་མཚོ་ཐོག་བཀག་སྡོམ་བྱེད་མཚམས་མཇུག་བསྒྲིལ་དགོས་པ། དབྱི་ལང་ལ་དམག་འཁྲུག་གི་སྐྱིན་ཚབ་འཇལ་དགོས་པ་དང་དེ་བཞིན་བཀག་སྡོམ་མེད་པར་བཟོ་བ་སོགས་འདུས་ཡོད། ཙུའོ་ལེ་ཅ་ཏི་འར་གྱིས་བསྟན་དོན། ཨ་རིས་བྱ་སྤྱོད་ཡོ་བསྲང་མ་བྱས་གོང་ལ་ཧོ་འར་མུའུ་ཙི་མཚོ་འགག་ཡང་བསྐྱར་སྒོ་འབྱེད་མི་སྲིད་ཟེར།
ཚེས8ཉིན། ཨ་རིའི་སྲིད་འཛིན་གཞོན་པ་ཝན་སི་ཡིས་ཨ་རིའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་རི་དང་དབྱི་ལང་གི་འཁྲུག་རྩོད་མཇུག་སྒྲིལ་མེད་པ་དང་། ཨ་རིས་ཕྱི་འབྲེལ་དང་དཔལ་འབྱོར། དམག་དོན་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་དབྱི་ལང་དང་འགྲན་རྩོད་བྱེད་བཞིན་ཡོད་ཟེར།
འཕྲིན་སྟེགས། weikangba