ལྷོ་ཁོ་རེ་ཡར་བསྟུད་མར་ཚ་བ་ཆེ་བའི་གནམ་གཤིས་བྱུང་སྟེ། ད་ལོའི་ཚུན་གྱི་གློག་ཤུགས་དགོས་མཁོ་ཆེས་ཆེ་བར་སླེབས།

2026-08-11
355

ལྷོ་ཁོ་རེ་ཡའི་གློག་ཤུགས་ཉོ་ཚོང་ཁང་གིས་ཚེས9ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ཚ་རླབས་གནམ་གཤིས་བསྟུད་མར་བྱུང་བའི་དབང་གིས། ཉེ་ཆར་ལྷོ་ཁོ་རེ་ཡར་ད་ལོའི་ཚུན་གྱི་གློག་ཤུགས་དགོས་མཁོ་ཆེས་ཆེ་བར་སླེབས།

ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གཞི་གྲངས་འདི་དྲངས་ནས་གསར་འགོད་ལྟར་ན། ཟླ་བརྒྱད་པའི་ཚེས7ཉིན། ལྷོ་ཁོ་རེ་ཡའི་ཆེས་མཐོའི་གློག་ཤུགས་དགོས་མཁོ་ཅི་ཝ95.321ལ་སླེབས་པ་དང་། མིག་སྔར་གྲ་སྒྲིག་བྱས་ཡོད་པའི་གློག་ཤུགས་ཅི་ཝ8.2ཡོད། གྲ་སྒྲིག་བྱས་པའི་གློག་ཤུགས་ཅི་ཝ5.5ལས་དམའ་བར་གྱུར་ན། གློག་ཤུགས་མཁོ་འདོན་ཛ་དྲག་ཆེ་བའི་ཉེན་བརྡ་གཏོང་ངེས་ཡིན།

ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་སྔོན་དཔག་བྱས་ན་དེང་ཕྱིན་གཟའ་འཁོར་གཅིག་རིང་གི་གློག་ཤུགས་དགོས་མཁོ་མུ་མཐུད་དུ་ཇེ་ཆེར་འགྲོ་རྒྱུ་རེད། འདིའི་ཕྱོགས་གཅིག་ནས་ཚ་བ་ཆེ་བའི་གནམ་གཤིས་ད་རུང་ཞི་ལྷོད་དུ་འགྲོ་བའི་སྣང་ཚུལ་མེད་པ་དང་། ཕྱོགས་གཞན་ཞིག་ནས་དབྱར་དུས་གུང་གསེང་མཇུག་བསྒྲིལ་རྗེས། བཟོ་ལས་ཐོན་སྐྱེད་བྲེལ་མྱུར་ལས་ལ་ཞུགས་ངེས་ཡིན།

ལྷོ་ཁོ་རེ་ཡའི་ནུས་ཁུངས་པུའུ་ཡིས་བཤད་རྒྱུར། ད་ལོའི་གློག་ཤུགས་མཁོ་འདོན་ན་ནིང་ལས་ཅི་ཝ2ཀྱིས་མཐོ་རུ་ཕྱིན་ཏེ། ཅི་ཝ107ལ་སླེབས་པ་རེད། ལྷོ་ཁོ་རེ་ཡའི་གློག་ཤུགས་ཉོ་ཚོང་ཁང་གིས་བཤད་རྒྱུར། མིག་སྔར་གློག་ཤུགས་མཁོ་འདོན་བརྟན་བརླིང་ཡིན་མོད། འོན་ཀྱང་མུ་མཐུད་དུ་གློག་ཆད་པའི་ཉེན་ཁར་འགོག་ཟོན་བྱེད་རྒྱུ་ཡིན་ཟེར།

ལྷོ་ཁོ་རེ་ཡར་ཉེ་ཆར་ལོ་རྒྱུས་སྟེང་མཐོང་དཀོན་པའི་ཚ་བ་ཆེ་བའི་གནམ་གཤིས་བྱུང་བ་དང་། ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མུན་གྱིས་ཚེས4ཉིན་རྒྱལ་དོན་ཚོགས་འདུའི་སྟེང་། དྲོད་གྲང་སྙོམ་སྒྲིག་འཕྲུལ་ཆས་བཀོལ་ཚད་ཇེ་མང་དུ་སོང་བར་བསྟུན་ནས། གློག་ཤུགས་མ་ལག་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་འགན་སྲུང་བྱེད་དགོས་པའི་མཛུབ་སྟོན་བྱས།


  • 顶