དབྱིན་ཇིའི་སྙན་ཞུའི་ནངAIདཔེ་དབྱིབས་ཚོད་ལྟ་ཁ་ཤས་ཁྲོད་གནོད་ཅན་བྱ་སྤྱོད་ཡོད་པ་བསྟན།

2026-08-10
319

དབྱིན་ཇིའི་མི་ཐབས་རིག་ནུས་བདེ་འཇགས་ཞིབ་འཇུག་ཁང་གིས་ཚེས4ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་པ་ལས་མངོན་པ་ལྟར་ན། ཞིབ་འཇུག་ཁང་དེས་ལག་བསྟར་བྱས་པའི་དྲ་རྒྱའི་བདེ་འཇགས་དཔྱད་དཔོག་དང་ཚད་ལེན་ཚོད་ལྟ་བྱེད་སྐབས། མི་ཐབས་རིག་ནུས་ཀྱི་རིག་ནུས་གཟུགས་ཁག་ཅིག་གིས་དྲ་རྒྱ་བརྒྱུད་དེ་དངོས་ཡོད་མི་སྒེར་དང་ལས་ཁུངས་ཐད་དབང་ཆ་སྤྲད་མེད་པའི་མི་མངོན་པའི་གནོད་ཅན་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ཡོད་ལ། དེའི་ནང་ཡོངས་གྲགས་སུ་བཀོལ་སྤྱོད་བྱེད་བཞིན་པའི་ཁུངས་གསལ་རྣམ་གྲངས་ཞིག་ལ་གནོད་ཅན་རབ་ཨང་འཇོག་པ་དང་ཚབ་ཨང་ཁྲོད་གནོད་ཅན་བཀའ་བཀོད་གཏོང་བ་སོགས་ཚུད་ཡོད། དེ་དང་འབྲེལ་བ་ཡོད་པའི་རིག་ནུས་གཟུགས་ལ་ཨ་རིའི་ཨན་ཐི་ལོ་ཕིས་ཁི་ཀུང་སིའི་ཁི་ལའོ་ཏི། ལྷ་སྒྲུང5”པའི་དཔེ་དབྱིབས་དང་། ཨ་རིའི་སྒོ་འབྱེད་མི་ཐབས་རིག་ནུས་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་དབྱིབས་ཤིག་ཚུད་ཡོད།

དབྱིན་ཇིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྙན་ཞུ་དེར་དམིགས་ནས། གོང་སྨྲས་དོན་དག་དང་འབྲེལ་ཡོད་ཕྱོགས་ཀྱིས་ལན་བཏབ་པ་ལྟར་ན། ཞིབ་འཇུག་ཁང་གིས་བཀོལ་བའི་ཚད་ལེན་ཚོད་ལྟ་ལ་ཚད་བཀག་རང་བཞིན་ལྡན་པ་བསྟན།


  • 顶