མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་འར་ནེ་ནོ་སྣང་ཚུལ་ཇེ་སྡུག་ཏུ་ཕྱིན་ཏེ་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཚབས་ཆེ་རུ་བཏང་ཚུལ་བསྟན།

2026-08-10
441

ཚེས5ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧ་ཁི་ཡིས་བསྟན་དོན། བསྟུད་མར་ཇེ་སྡུག་ཏུ་ཕྱིན་པའི་ཨུ་འར་ནེ་ནོ་སྣང་ཚུལ་གྱིས་སྔོན་དཔག་བྱས་ན་གོ་ལ་ཧྲིལ་པོའི་ཆེས་ཉམས་ཞན་གྱི་རྒྱལ་ཁབ་ཁག་ཅིག་གི་འབྲུ་རིགས་བདེ་འཇགས་མིན་པའི་གནས་ཚུལ་མངོན་གསལ་ཆེ་རུ་གཏོང་རྒྱུ་རེད་ཟེར།  ཁོས་བསྟན་དོན། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་ཐལ་དྲགས་པའི་དྲོད་ཚད་དང་། ཐན་སྐྱོན་ཆེ་བ། ཆུ་ལོག་དང་ཞོད་སྐྱོན་བཅས་ཀྱི་དབང་གིས་འབྲེལ་ཡོད་ས་ཁུལ་ཉེན་ཁ་འཕྲད་ཡོད་པའི་ཉེན་བརྡ་བཏང་ཡོད་ཟེར། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས་ཨུ་འར་ནེ་ནོ་སྣང་ཚུལ་གྱིས་གོ་ལ་ཧྲིལ་པོར་འབྲུ་རིགས་བདེ་འཇགས་མིན་པའི་ཚབས་ཆེ་བའི་གནས་སུ་གྱར་བའི་མི་གྲངས་ཕལ་ཆེར་བྱེ་བ4ས་ཡ9ཇེ་མང་དུ་འགྲོ་རྒྱུ་རེད།



  • 顶