ཨ་སྒོར་གྱི་རིན་ཐང་ཉམས་པ་དང་ཨ་རིའི་རྒྱལ་བུན་གྱི་ཁེ་སྤོགས་ཚད་མར་འགྲིབ་པ། དེ་བཞིན་དབུས་ཤར་གནས་བབ་ཀྱི་འཕེལ་རིམ་ལེགས་པའི་གནས་ཚུལ་བཅས་ཀྱི་ཤུགས་རྐྱེན་ཐེབས་ཏེ། རྒྱལ་སྤྱིའི་གསེར་གོང་ཚེས5ཉིན་ནས་འཕར་ཚད4%རེད། ཚོང་རས་ཨ་རི་དང་དབྱི་ལང་སོགས་རྒྱལ་ཁབ་ཀྱིས་ཧོ་འར་མོ་ཙི་མཚོ་འགག་གི་སྐྱེལ་འདྲེན་ལ་དམིགས་པའི་འགྲན་རྩོད་འཕེལ་རིམ་ལ་དོ་སྣང་ཟབ་མོ་བྱས་ཏེ། རྒྱལ་སྤྱིའི་སྣུམ་གོང་ཉིན་དེར་སྤྱི་ཁོག་ནས་འཕར་ཆག་ཆུང་ལ། ཉོ་ཚོང་མཇུག་སྒྲིལ་དུས་འཕར་ཆག་དོ་མི་མཉམ།
ཉོ་ཚོང་ཉིན་མོ་གསར་བ་ཐོན་དུས། ལག་ཡོད་ཚོང་ཟོག་གི་གསེར་ཚོང་གི་རིན་གོང་དེ་ཨང་སི་རེར་ཨ་སྒོར4289ལ་སླེབས་ནས། ཟླ6པའི་ཚེས18ཉིན་ཚུན་གྱི་ཆེས་མཐོའི་ཆུ་ཚད་རེད།
ཚེས5ཉིན་གྱི་ཉོ་ཚོང་མཇུག་སྒྲིལ་བའི་བར། ཉིག་ཡོག་ཚོང་རྫས་ཉོ་ཚོང་ཁང་གི་ཟླ9པར་ཚོང་ཟོག་སྤྲོད་པའི་ཡང་རྒྱུ་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨ་སྒོར་ཐིག་གྲངས་ཆུང་ལྔ་ལྔ་མར་ཆག སྣུམ་ཟོམ་རེར་ཨ་སྒོར་དོན་ལྔ་གྲངས་ཆུང་གཉིས་གཉིས་བླངས་ཏེ། ཆག་ཚད་བརྒྱ་ཆའི་ཐིག་གྲངས་ཆུང་བདུན་གསུམ་ཡིན། ཟླ10པའི་ཚོང་ཟོག་སྤྲོད་པའི་ལོན་ཏོན་པུའུ་ལོན་ཐི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨ་སྒོར་ཐིག་གྲངས་ཆུང་ཐིག་དགུ་འཕར་ཏེ། སྣུམ་ཟོམ་རེར་ཨ་སྒོར་དོན་དགུ་གྲངས་ཆུང་བཞི་ལྔ་བླངས། འཕར་ཚད་བརྒྱ་ཆའི་ཐིག་གྲངས་ཆུང་གཅིག་གཅིག་རེད།
དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཅ་ལི་པ་པ་ཏི་ཡིས་ཚེས5ཉིན་བསྟན་དོན། དབྱི་ལང་དང་ཨ་མན་གྱི་ཚོང་ལས་གྲུ་གཟིངས་ཧོ་འར་མོ་ཙི་མཚོ་འགག་ཏུ་སྐྱོད་པའི་གྲོས་མཐུན་འགོད་ལ་ཉེ་བ་དང་། ཅ་ལི་པ་པ་ཏི་ཡིས་དབྱི་ལང་དང་ཨ་རིས་གྲོས་མོལ་བྱེད་བཞིན་པའི་བཤད་ཚུལ་དེ་ཁས་མ་བླངས། འོན་ཀྱང་དབྱི་ལང་ལ་ཨ་རི་ཕྱོགས་ཀྱི་ཆ་འཕྲིན་འབྱོར་བ་མ་ཟད། ཨ་རི་ཕྱོགས་ཀྱིས་དེ་སྔ་མིང་རྟགས་བཀོད་པའི་བཟོད་གསོལ་བརྗེད་ཐོའི་ཁྲོད་ཀྱི་ཁས་ལེན་སླར་གསོ་བྱེད་རྩིས་ཡོད་ཟེར།
ཨ་རིའི་སྨྱན་སྦྱོར་གྱི་གསར་འགོད་ལྟར་ན། ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སིན་ཐི་ཡིས་དེ་སྔ་བསྟན་དོན། ཧོ་འར་མོ་ཙི་མཚོ་འགག་གི་འབྲེལ་ཡོད་གྲོས་མཐུན་དེ་ཚེས4ཉིན་དང་ཚེས5ཉིན་འགོད་ངེས་རེད་ཟེར།
འཕྲིན་སྟེགས། weikangba