ཚེས22ཉིན། ཝེ་ནེ་ཙུའེ་ལའི་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཝེ་ནེ་ཙུའེ་ལའི་རྒྱལ་ས་ཁ་ར་ཅ་སི་གྲོང་ཁྱེར་ལྟེ་གནས་ཀྱི་ཐང་ཆེན་ཞིག་ཏུ་འཛོམས་ནས་ཨ་རིས་བཙོན་འཇུག་བྱས་ཡོད་པའི་ཝེ་ནེ་ཙུའེ་ལའི་སྲིད་འཛིན་མཱ་ཏུའུ་ལའོ་དང་དེའི་ལྕམ་མོ་ཕྱིར་གཏོང་དགོས་པའི་བླང་བྱ་བཏོན།
ཐེངས་འདིའི་བྱེད་སྒོར་ཁ་ར་ཅ་སི་གྲོང་ཁྱེར་གྱི་འགོ་གཙོ་ཁཱ་མིན་མའེ་ལོན་ཏི་སི་དང་མཱ་ཏུའུ་ལའོ་ཡི་བུ་ཉི་ཀུའུ་ལཱ་སི་.མཱ་ཏུའུ་ལའོ་.ཀི་ལ་ཡིས་འགོ་ཁྲིད་བྱས་པ་རེད། ཀི་ལ་ཡིས་གཏམ་བཤད་ཁྲོད་བསྟན་དོན། འདྲི་གཅོད་འདི་ནི་འབྱུང་རྩའི་སྟེང་ནས་ལུགས་མཐུན་མིན་པ་དང་། མཱ་ཏུའུ་ལའོ་ཡིས་སྐྱོན་འཛུགས་ཞུ་གཏུག་བྱས་པའི་ནག་ཉེས་གང་རུང་བསགས་པ་བདེན་དཔང་བྱེད་ཐུབ་པའི་དོན་དངོས་ཀྱི་བདེན་དཔང་ཅི་ཡང་མེད། ཀི་ལ་ཡིས་ད་རུང་མང་ཚོགས་ཀྱིས་འཐབ་འཁྲུག་དང་དྲག་ཆས་ལ་བརྟེན་ནས་རང་སྲོག་བློས་གཏོང་མི་རུང་བར། ཕྱི་འབྲེལ་དང་གྲོས་མོལ། རྒྱལ་སྤྱིའི་མཐུན་སྦྱོར་ལ་བརྟེན་ནས་གནད་དོན་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།
ཨ་རིས་བཙན་ཤེད་ཀྱིས་ཚོད་འཛིན་བྱས་པའི་ཝེ་ནེ་ཙུའེ་ལའི་སྲིད་འཛིན་མཱ་ཏུའུ་ལའོ་ཚེས22ཉིན་ཉིག་ཡོ་ལྷོ་ཁུལ་གྱི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་ཡང་བསྐྱར་ཁྲིམས་རར་ཞུགས་པ་དང་། ཁྲིམས་དཔོན་གྱིས2027ལོའི་ཟླ6པའི་ཚེས1ཉིན་དེར་འབྲེལ་གྱི་སྐྱོན་འཛུགས་ཞུ་གཏུག་ལ་ཞིབ་གཅོད་བྱེད་འགོ་རྩོམ་རྒྱུ་ཁྱབ་བསྒྲགས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba