དབྱི་ལང་གི་གྲོས་གཙོ་ཡིས་ཧོ་ཨར་མུའུ་ཙི་མཚོ་འགག་ཏུ་དམག་འཁྲུག་སྔོན་གྱི་གནས་བབ་སླར་གསོ་བྱེད་མི་ཐུབ་པ་བསྐྱར་སྒྲོག་བྱས།

2026-07-24
467

དབྱི་ལང་དབྱི་སི་ལན་གྲོས་ཁང་གི་གྲོས་གཙོ་ཁ་ལིས་པ་ཧྥུ་ཡིས་ཚེས22ཉིན་བཤད་རྒྱུར། ཧོ་ཨར་མུའུ་ཙི་མཚོ་འགག་གི་གནས་བབ་དེ་དམག་འཁྲུག་སྔོན་གྱི་གནས་བབ་ཏུ་སླར་གསོ་བྱེད་མི་ཐུབ་ཟེར།

ཁ་ལིས་པ་ཧྥུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། དམག་འཁྲུག་འདིའི་གཏན་ཚིགས་རིག་པ་ཧ་ཅང་གསལ་བོ་ཞིག་ཡིན་ཏེ། ཡང་ན་སུ་ལའང་ཡོད་སྲིད་ཅིང་ཡང་ན་སུ་ལའང་ཡོད་མི་སྲིད་པ་དེ་རེད། གལ་ཏེ་དབྱི་ལང་གིས་ས་ཁུལ་དུ་རྡོ་སྣུམ་ཕྱིར་འཚོང་མ་ཐུབ་ན། རྒྱལ་ཁབ་གཞན་པས་ཀྱང་རྡོ་སྣུམ་ཕྱིར་འཚོང་མི་ཐུབ། གལ་ཏེ་དབྱི་ལང་གི་བདེ་འཇགས་ལ་འགན་སྲུང་བྱེད་མ་ཐུབ་ན། ས་ཁུལ་ནང་གི་རྨང་གཞིའི་སྒྲིག་བཀོད་གང་ཞིག་ཡིན་རུང་བདེ་འཇགས་ཤིག་ཡོད་མི་སྲིད་ཟེར།

ཁ་ལིས་པ་ཧྥུ་ཡིས་བཤད་རྒྱུར། ཨ་རིའི་དམག་དཔུང་མེད་པའི་གནས་ཚུལ་འོག་ཏུ། ཧོ་ཨར་མུའུ་ཙི་མཚོ་འགག་ད་གཟོད་བདེ་འཇགས་ཡིན་ཟེར། ང་ཚོས་ཧོ་ཨར་མུའུ་ཙི་མཚོ་འགག་གི་གནས་བབ་དམག་འཁྲུག་སྔོན་དུ་འགྱུར་མི་སྲིད་ཅེས་ཐེངས་མང་པོ་བཤད་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།


  • 顶