ཨུ་རུ་སིས་ཝུའུ་ཁི་ལན་གྱི་མཚོ་ནག་གི་གྲུ་ཁ་དང་འབྲེལ་ཡོད་གྲུ་གཟིངས་ལ་མུ་མཐུད་དུ་རྡུང་རྡེག་བཏང་།

2026-07-23
298

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས21ཉིན་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་ཉིན་དེར་ཝུའུ་ཁི་ལན་གྱི་མཚོ་ནག་གི་གྲུ་ཁ་དང་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་ལ་ཞབས་ཞུ་སྒྲུབ་པའི་གྲུ་གཟིངས་ལ་དམིགས་ནས་མུ་མཐུད་དུ་རྒྱང་བསྟེན་རྡུང་རྡེག་བཏང་ཡོད་ཟེར།

གནས་ཚུལ་ལས་བཤད་རྒྱུར། ཨུ་རུ་སིའི་དམག་གིས་མི་མེད་གནམ་གྲུ་བཀོལ་ནས་སིལ་ཟོང་གྲུ་གཟིངས་ཤིག་དང་། ཐུམ་སྦྱར་ཟོང་གྲུ་གཉིས་ལ་རྡུང་རྡེག་བཏང་ཞིང་། སྐབས་དེར་གྲུ་གཟིངས་དེ་དག་ཝུའུ་ཁི་ལན་གྱི་ཨོ་ཏི་ས་གྲུ་ཁ་དང་ཆེ་ཨར་ནོ་མོ་སི་ཁི་གྲུ་ཁའི་ཕྱོགས་སུ་བསྐྱོད་དེ། ཝུའུ་ཁི་ལན་གྱི་དམག་དཔུང་ལ་དངོས་རྫས་སྐྱེལ་འདྲེན་བྱེད་བཞིན་པ་རེད། ཨུ་རུ་སིའི་དམག་གིས་ད་རུང་མི་མེད་གནམ་གྲུ་དང་བར་སྣང་རྟེན་གཞིའི་གནད་ཕུགས་མཚོན་ཆ་སྤྱད་དེ། ཝུའུ་ཁི་ལན་གྱི་ཉི་ཀུའུ་ལ་ཡེ་ཧྥུ་གྲུ་ཁའི་ཐུམ་སྦྱར་ཟོང་གྲུ་ཞིག་ལ་རྡུང་རྡེག་བཏང་ཞིང་། སྐབས་དེར་གྲུ་གཟིངས་དེས་ཝུའུ་ཁི་ལན་གྱི་དམག་དཔུང་ལ་འདོན་སྤྲོད་བྱས་པའི་དངོས་རྫས་སར་ཕོག་བཞིན་ཡོད།

གནས་ཚུལ་ལ་ད་རུང་བཤད་རྒྱུར། ཨུ་རུ་སིའི་དམག་གིས་ཉིན་དེར་ཨོ་ཏི་ས་གྲུ་ཁ་དང་ཆེ་ཨར་ནོ་མོ་སི་ཁི་གྲུ་ཁའི་གྲུ་གཟིངས་ཞིག་གསོ་བཟོ་གྲྭ་དང་དངོས་རྫས་ཕོག་ས་དང་དམག་བཀོལ་དངོས་རྫས་འཇོག་སའི་གྲུ་ཁའི་རྨང་གཞིའི་སྒྲིག་བཀོད་ལ་རྒྱང་བསྟེན་རྡུང་རྡེག་བཏང་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།


  • 顶