དབྱི་ལང་བར་གྱི་འཁྲུག་རྩོད་དབང་གིས་ཨ་མེ་རི་ཁའི་དམག་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

2026-07-23
270

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས21ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།  ཨ་མེ་རི་ཁའི་དམག་མི་གཅིག་ཚེས་བཅུ་བདུན་ཉིན་དབྱི་ལང་གིས་ཅོར་ཏན་དུ་ཡོད་པའི་མུའུ་ཝོ་ཧྥེ་ཀི་སཱ་ལེ་ཐིས་མཁའ་དམག་རྟེན་གཞིར་འཇབ་རྒོལ་བྱེད་པའི་ཁྲོད་གར་སོང་ཆ་མེད་དུ་གྱུར་བ་དང་།   མི་དེ་ཕལ་ཆེར་རྐྱེན་ལམ་དུ་ཤོར་ཡོད།       ཟླ2པའི་ཟླ་མཇུག་ཏུ་ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་ལང་ལ་གཞི་ཁྱོན་ཆེ་བའི་དམག་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་།    ཨ་མེ་རི་ཁའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་བཅོ་བརྒྱད་ལ་འཕར་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།


  • 顶