ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་ཉེར་གཅིག་ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་མིས་ཧ་དབྱི་ཨར་ཏི་ལཱ་ཕ་ཐི་ཡིས་ཡཱ་ལིས་ཧྲན་ཏ་སི་ཨར་སི་ཅི་ཡི་ཚབ་ཏུ་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་དམག་སྤྱིའི་འགན་འཁུར་རྒྱུ་ཐག་བཅད་པ་ཡིན་ཟེར།
ཙི་ལེན་སི་ཅི་ཡིས་བཤད་རྒྱུར། ཉིན་དེར་ཁོ་དང་ཏི་ལཱ་ཕ་ཐི། ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཀྲང་ཚབ་མ་ཡེ་ཧྥུའུ་ཀུན་ཉི་ཧི་མཱ་ལ། ཝུའུ་ཁི་ལན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཕཱ་ཝེ་ཨར་ཕཱ་ལིས་སཱ་བཅས་ཀྱིས་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱིའི་རུ་ཁག་གི་བློ་འདོན་པུའུ་ཡི་མི་སྣ་ལེགས་སྒྲིག་བྱེད་པར་གྲོས་བསྡུར་བྱས་པ་དང་། ཚེས22ཉིན་ཐག་གཅོད་ཡོད་ཚད་གཏན་འཁེལ་བྱེད་རྒྱུ་ཡིན་ཟེར།
ཏི་ལཱ་ཕ་ཐི་ཡིས་ཉེ་བའི་ལོ་འགའི་རིང་སྔ་གཞུག་ཏུ་ཝུའུ་ཁི་ལན་གྱི་སྐམ་དམག་གི་དམག་སྤྱི་དང་ཝུའུ་ཁི་ལན་གྱི་མཉམ་འབྲེལ་དམག་དཔུང་གི་དམག་སྤྱིའི་འགན་འཁུར་བ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba