ཨ་རི་དང་དབྱི་ལང་གིས་བསྟུད་མར་ཉིན་བཅུའི་རིང་འཁྲུག་རྩོད་བྱས།

2026-07-23
260

ཨ་རིའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས20ཉིན་བསྟན་དོན། ཨ་རིའི་དམག་དཔུང་གིས་བསྟུད་མར་ཉིན10རིང་དབྱི་ལང་ལ་དམག་དོན་ཆམ་ཕབ་བཏང་བ་དང་། དེའི་དམིགས་འབེན་ནང་དབྱི་ལང་གི་དམག་དོན་བཀོད་འདོམས་ལྟེ་གནས་དང་མཚོ་ཐོག་དམག་འཐབ་སྒྲིག་ཆས། མི་མེད་གནམ་གྲུ་འཕེན་གཏོང་ར་བ། དེ་བཞིན་མཁའ་ཟོན་མ་ལག་སོགས་འདུས་ཡོད།

དབྱི་ལང་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན།  ཚེས20ཉིན་གྱི་དགོང་མོ་ནས་ཚེས 21ཉིན་བར།དབྱི་ལང་གི་ཧོར་མུའུ་ཙི་ཀན་མངའ་སྡེ་དང་ཞི་སི་ཐན་གྱི་པི་ལུའུ་ཀྲི་སི་ཐན་མངའ་སྡེ་རུ་འགས་གཏོར་གྱི་སྒྲ་ཐེངས་མང་གྲགས་ཤིང་། པུའུ་ཧྲི་ཨར་མངའ་སྡེའི་མཁའ་ཟོན་མ་ལག་འཁོར་སྐྱོད་བྱེད་འགོ་བརྩམས། གནས་ཚུལ་སྤེལ་བ་ལྟར་ན། དབྱི་ལང་གི་དབྱི་སི་ལན་གསར་བརྗེའི་སྲུང་སྐྱོབ་རུ་ཁག་གིས་པ་རེན་དང་ཁུ་ཝེ་ཐེའི་ཨ་རིའི་དམག་དཔུང་གི“རྒྱལ་གཅེས་པའི”མཁའ་ཟོན་མ་ལག་དང“ཧའེ་མཱ་སི”མེ་ཤུགས་འཕུར་མདའི་མ་ལག་སོགས་ལ་རྡུང་རྡེག་བཏང་།

ཨ་རིའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིས་དབུས་ཤར་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། ཨ་རིའི་དམག་དཔུང་གིས་ཡོ་རོབ་རྟེན་གཞི་ནསF-16དང་F-35ཡི་འཐབ་འཛིང་གནམ་གྲུ་དང་བར་སྣང་སྣུམ་སྣོན་གནམ་གྲུ་མང་པོ་ཁ་སྣོན་རྒྱག་རྩིས་ཡོད། པུར་ཀ་རི་ཡའི་ཙུང་ལི་ལཱ་ཏི་ཧྥུའུ་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཨ་རིས་པུར་ཀ་རི་ཡའི་པེ་ཙི་མེ་ཨར་མཁའ་དམག་རྟེན་གཞིར་སྣུམ་སྣོན་འཕྲུལ་འཁོར8བཀོད་སྒྲིག་བྱ་རྒྱུའི་རེ་ཞུ་འབྱོར་བ་དང་།གྲོས་ཚོགས་ལ་ཆོག་མཆན་འགོད་པར་ཡར་ཞུ་བྱ་རྒྱུ་ཡིན་ཟེར།


  • 顶