ཡེ་མིན་ཧུའུ་སའེ་དྲག་ཆས་པས་ཚེས20ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མགྱོགས་མྱུར་སྒོས་སོ་ཏི་ཨ་རབ་ལ་མཚོ་ཐོག་སྐྱེལ་འདྲེན་བཀག་སྡོམ་བྱེད་རྒྱུ་ཡིན་པ་མ་ཟད། བྱེད་ཐབས་དེ་ནི་སོ་ཏི་ཨ་རབ་ཀྱིས་བསྟུད་མར་ལོ12རིང་ཡེ་མིན་གྱི་སྐམ་ས་དང་མཚོ་ངོས། མཁའ་ལམ་བཅས་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་པ་དང་། ཉེ་དུས་སོ་ཏི་ཨ་རབ་ཀྱིས་ས་ན་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།
སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཚེས20ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མཉམ་འབྲེལ་དམག་གི་དམག་སྤྱི་པུའུ་ཡིས་བྱེད་ཐབས་སྤྱད་དེ་ཁོངས་མིའི་རྒྱལ་ཁབ་ཀྱི་གྲུ་གཟིངས་བདེ་འཇགས་ངང་མན་ཏི་མཚོ་འགག་ཏུ་བསྐྱོད་པར་སྲུང་སྐྱོང་བྱེད་རྒྱུ་ཡིན་པ་དང་། མཉམ་འབྲེལ་དམག་གིས་ཡེ་མིན་ཧུའུ་སའེ་དྲག་ཆས་པས་བཟོས་པའི་འཇིགས་སྐུལ་གང་རུང་ལ་མགྱོགས་མྱུར་ངང་ཨ་ལན་སྤྲོད་རྒྱུ་ཡིན་ཟེར།
འཕྲིན་སྟེགས། weikangba