ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས19ཉིན་བསྟན་དོན། ཉིན་དེར་ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་གྲུ་ཁ་མང་པོའི་སྒྲིག་ཆས་དང་། ཟོག་འདྲེན་གྲུ་གཟིངས་གཉིས། སྣུམ་རླངས་ལས་སྣོན་དང་གསོག་ཉར་སྒྲིག་ཆས་བཅས་ལ་རྡུང་རྡེག་བཏང་བ་དང་། ཝུའུ་ཁི་ལན་དམག་དཔུང་གི་མི་མེད་གནམ་གྲུ600ལྷག་སར་འཕངས་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཉིན་དེར་བཤད་རྒྱུར། ཝུའུ་ཁི་ལན་དམག་དཔུང་གིས་ཨུ་རུ་སུའི་མངའ་ཁོངས་ཀྱི་དམིགས་འབེན་ལ་རྒྱང་རིང་ནས་རྡུང་རྡེག་བཏང་ལ། དེའི་ནང་སྣུམ་མཛོད་མང་པོ་འདུ་བ་མ་ཟད། ཧུའེ་ཧེ་རྒྱ་མཚོའི་མཚོ་ཁོངས་སུ་གནས་པའི་ཨུ་རུ་སིའི་སྣུམ་གྲུ་གསུམ་ལ་རྡུང་རྡེག་བཏང་ཡོད་ཟེར།
འཕྲིན་སྟེགས། weikangba