ཨ་རིའི་སྨྱན་སྦྱོར(CNN)གྱིས་ཚེས18ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་རི་དང་སོ་ཏི་ཨ་རབ་ཀྱིས་དེའི་སྔོན་ལ་མཉམ་ལས་གྲོས་མཐུན་འཆར་ཟིན་ཞིག་ལ་གྲོས་བསྡུར་བྱས་པ་དང་། གྲོས་མཐུན་འདིའི་རིན་ཐང་ཨ་སྒོར་དུང་ཕྱུར་བཅུ་ཕྲག་འགའ་ཡོད་ལ། དེའི་ནང་དམངས་སྤྱོད་ཉིང་རྡུལ་རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་དང་ཕྱོགས་གཉིས་ཀྱི་བཙན་ཤེད་རང་བཞིན་གྱི་འགན་སྲུང་གྲོས་མཐུན་འདུ། འོན་ཀྱང་སོ་ཏི་ཨ་རབ་ཀྱིས《ཉིང་རྡུལ་མཚོན་ཆ་རྒྱ་སྐྱེད་མི་གཏོང་བའི་ཆིངས་ཡིག》གི་ཟུར་སྣོན་གྲོས་ཆོད་ཡི་གེ་ལག་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན་མེད། གནས་ཚུལ་འདིར་སོ་ཏི་ཨ་རབ་སྲིད་གཞུང་དང་ཨ་རིའི་སྲིད་གཞུང་གཉིས་ཀས་ཕྱིར་ལན་བཏབ་མེད་ཟེར།
སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་གཉིས་ཀྱིས2025ལོའི་ཟླ10པར་ཉིང་རྡུལ་མཉམ་ལས་ཀྱི་གྲོས་མོལ་ལེགས་འགྲུབ་བྱུང་རྗེས། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་ཡིག་ཆར་མིང་རྟགས་བཀོད་མེད་ཟེར། ཨ་རིའི་བཅའ་ཁྲིམས་ལྟར་ན། གྲོས་མཐུན་དེར་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་མིང་རྟགས་བཀོད་རྗེས་སླར་ཡང་ཨ་རིའི་རྒྱལ་ཚོགས་ལ་ཞིབ་མཆན་འགོད་རྒྱུར་སྤྲོད་དགོས་ཟེར།
འཕྲིན་སྟེགས། weikangba