ཚེས19ཉིན། འཇར་པན་གྱི་མང་ཚོགས་ཁག་ཅིག་ཏུང་ཅིན་དུ་གནས་པའི་འཇར་པན་རྒྱལ་ཚོགས་ཀྱི་མདུན་དུ་འདུ་ཚོགས་བསྡུས་ནས། ཀའོ་ཧྲི་སྲིད་དབང་གིས་ཞི་བདེའི་རྩ་ཁྲིམས་ལ་བཟོ་བཅོས་དང“ཉིང་རྡུལ་མེད་པའི་རྩ་དོན་གསུམ”ལ་བཟོ་བཅོས་བྱེད་རྩིས་ཡོད་པ་སོགས་ཀྱི་ཉེན་ཁའི་འཁོར་ཕྱོགས་ལ་རྒོལ་གཏམ་བཏང་།
ཏུང་ཅིན་འདུ་ཚོགས་ལ་ཞུགས་མཁན་གྱིས་བཤད་རྒྱུར། ངས་བསམ་ན་ཀའོ་ཧྲི་སྲིད་དབང་གི་བྱེད་སྟངས་ནི་དམག་འཁྲུག་ལ་སྐུལ་འདེད་བཏང་ནས་དམག་དཔུང་རྒྱ་བསྐྱེད་གཏོང་རྒྱུ་དེ་མང་ཚོགས་ཀྱི་འཚོ་བའི་སྟེང་དུ་འཇོག་པ་དེ་རེད། འདི་ངོ་མས་སེམས་ཁྲལ་བྱ་དགོས་ས་ཞིག་རེད། ངའི་རེ་བར་ཚང་མས་གནད་དོན་དེ་དག་ལ་དོ་ཁུར་དང་། འཇར་པན་གྱི་ད་ལྟའི་ནོར་འཁྲུལ་ལམ་ཕྱོགས་བཀག་འགོག་བྱ་རྒྱུ་དེ་ཡིན་ཟེར།
ཏུང་ཅིན་འདུ་འཛོམས་ལ་ཞུགས་མཁན་གྱིས་བཤད་རྒྱུར། ཀའོ་ཧྲི་སྲིད་དབང་གིས་དམག་དཔུང་རྒྱ་སྐྱེད་དང་རྩ་ཁྲིམས་བཟོ་བཅོས་ལ་སྐུལ་འདེད་གཏོང་བ་དེས། མང་ཚོགས་ཀྱི་བསམ་འཆར་ལ་གཏན་ནས་ཉན་མེད་པས། གང་མགྱོགས་སྒོས་སྲིད་སྟེགས་ནས་ཕབ་དགོས་ཟེར།
ཚེས19ཉིན་འཇར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཡོངས་བསྒྲགས་བྱས་པའི་དྲ་ལམ་ལེ་ཚན་ཞིག་ཏུ། འཇར་པན་གྱི་འགོག་སྲུང་བློན་ཆེན་ཞའོ་ཆོན་ཅིན་ཚི་ལང་གིས་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གླེང་ཞིང་། ཉིང་རྡུལ་མཚོན་ཆ་དང་འབྲེལ་བའི་གྲོས་བསྡུར་བྱ་དགོས་པ་བསྟན། འཇར་པན་གྱི་མང་ཚོགས་སྐོར་ཞིག་གིས་ཀའོ་ཧྲི་སྲིད་དབང་གིས་ཉིང་རྡུལ་བཀོལ་བའི་རེ་ངན་བཅངས་པར་ངོ་རྒོལ་བྱས་ཡོད་ཟེར།
ཏུང་ཅིན་འདུ་འཛོམས་ལ་ཞུགས་མཁན་གྱིས་བཤད་རྒྱུར། ཀའོ་ཧྲི་སྲིད་དབང་གིས་ཉིང་རྡུལ་མེད་པའི་རྩ་དོན་ལས་བརྒལ་བ་དང་གསོད་རྨས་རང་བཞིན་གྱི་མཚོན་ཆ་ཕྱིར་གཏོང་བཀག་སྡོམ་གློད་རྩིས་ཡོད། འཇར་པན་གྱིས་མི་རྣམས་ཡིད་ཆེས་དཀའ་བའི་མྱུར་ཚད་ལ་བརྟེན་ནས་དམག་དཔུང་རྒྱ་སྐྱེད་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད་པས། ངས་འདི་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ང་ཚོས་ངེས་པར་དུ་འདི་བཀག་འགོག་བྱེད་དགོས་ལ། དེ་ལྟར་མ་བྱས་ཚེ་བསམ་ཡུལ་ལས་འདས་པའི་མཇུག་འབྲས་བཟོ་སྲིད་ཟེར།
འཕྲིན་སྟེགས། weikangba