ལི་ཆིང་གིས་ཁ་པར་བཏང་སྟེ་པའོ་ན་མོའུ་ཡིས་དབྱིན་ཇིའི་བློན་ཆེན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས།

2026-07-22
463

ཟླ7པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆིང་གིས་ཨན་ཏི•པའོ་ན་མའོ་ལ་ཁ་པར་བཏང་སྟེ། ཁོས་དབྱིན་ཇིའི་བློན་ཆེན་གྱི་འགན་ཁུར་བར་རྟེན་འབྲེལ་ཞུས། 

ལི་ཆིང་གིས་བསྟན་དོན། ཀྲུང་གོ་དང་དབྱིན་ཇི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་དང་འཛམ་གླིང་དཔལ་འབྱོར་གྱི་ཕུང་བོ་ཆེན་པོ་ཡིན་པས། འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཚེ་རྒྱལ་ཁབ་གཉིས་ཀྱི་རང་ངོས་འཕེལ་རྒྱས་ལ་ཕན་པ་ཆེ་བར་མ་ཟད། གོ་ལ་ཧྲིལ་བོའི་ཞི་བདེ་ལ་བརྟན་བརླིང་གི་ནུས་པ་ཐོན་ངེས། ངས་སྐུ་ཞབས་བློན་ཆེན་དང་མཉམ་དུ་འབད་བརྩོན་བྱས་ནས། འབྲེལ་འདྲིས་ལ་ཤུགས་སྣོན་དང་ཕན་ཚུན་ཡིད་རྟོན་ལ་ཤུགས་སྣོན། བརྗེ་རེས་མཉམ་ལས་ལ་ཡར་སྐུལ་བྱེད་པ། ཀྲུང་གོ་དང་དབྱིན་ཇིའི་ཡུན་རིང་བརྟན་བརླིང་གི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་མུ་མཐུད་དུ་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཅས་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་རྒྱུ་ཡིན།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར། 


  • 顶