ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཚེས20ཉིན་དབྱི་ལིང་གི་མཐོ་རིམ་དཔོན་རིགས་ཤིག་གི་སྐད་ཆ་ལུང་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན།་དབྱི་ལིང་དང་ཨ་རིའི་གྲོས་མོལ་འདུམ་འགྲིག་ཕྱོགས་ཀྱིས་དབྱི་ལིང་ཕྱོགས་ལ་མིག་སྔའི་གནས་བབ་ཞི་ལྷོད་དུ་གཏོང་བའི་དམིགས་ཡུལ་ལྡན་པའི་གྲོས་འགོ་བཏོན་པ་དང་། གྲོས་འགོ་དེས་དུས་ཡུན་ཉིན10ཡི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་གཞི་བཏོན་ལ། དབྱི་ལིང་དང་ཨ་རིའི་ཟླ་སྔོན་མར་བཞག་པའི་བསམ་ཤེས་བརྗེད་ཐོ་ལག་བསྟར་སླར་གསོ་བྱ་རྒྱུའི་རེ་བ་ཞུས་པ་རེད་ཟེར།
དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅ་ཨའེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་ཕྱོགས་ལ་ཨ་རི་དང་དབྱི་ལིང་གི་གྲོས་མོལ་འདུམ་འགྲིག་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་འབྱོར་ཟིན་པས། ཞིབ་ཕྲའི་གནས་ཚུལ་གནས་སྐབས་བཤད་རྒྱུར་སྟབས་བདེ་པོ་མ་རེད་ཟེར། ཁོས་བསྟན་དོན། དབྱི་ལིང་གི་ནང་སྲིད་པུའུ་ཀྲང་གིས་ཉིན་དེར་ཕ་ཁི་སི་ཐན་ལ་འཚམས་འདྲི་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ལས་དོན་ལ་གྲོས་མོལ་བྱ་རྒྱུ་ཡིན་ཟེར།
པཱ་ཅ་ཨའེ་ཡིས་བཤད་རྒྱུར། གྲོས་མོལ་དང་དམག་འཁྲུག་གཉིས་ཀ་དམིགས་འབེན་མངོན་འགྱུར་བྱེད་པའི་བྱེད་ཐབས་ཤིག་ཡིན་ཞིང་། “འགོག་སྲུང་དང་ཕྱི་འབྲེལ་མཉམ་གཤིབ་བྱེད་ཐབས་བྲལ་བ”ཞེས་པ་ནི་ཡང་དག་པ་ཞིག་མ་རེད་ཟེར། དབྱི་ལིང་གིས་རང་འགུལ་གྱིས་དབྱི་ལིང་དང་ཨ་རིའི་བསམ་ཤེས་བརྗེད་ཐོ་དང་འགལ་མ་མྱོང་། ཨ་རིས་ཁས་ལེན་དང་འགལ་བས་དབྱི་ལིང་གིས་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་སྤྱད་པ་དང་། དབྱི་ལིང་གི་དྲག་པོའི་སྟོབས་ཤུགས་ཀྱིས་ཨ་རིར་རྒོལ་ལན་སྤྲོད་བཞིན་ཡོད་པ་མ་ཟད། “ནུས་ཤུགས་ཡོད་རྒུ་བཏོན་ནས་དེའི་ནག་ཉེས་བཀག་འགོག”བྱེད་བཞིན་ཡོད་ཟེར།
ཤ་བོ་རིན་མཚོས་བསྒྱུར།
འཕྲིན་སྟེགས། weikangba