དབྱིན་ཇིའི་མཚོ་ཐོག་ཚོང་དོན་བྱ་སྤྱོད་གཞུང་ལས་ཁང་གིས་ཚེས19ཉིན་གྱི་དགོང་མོ་བརྡ་ཁྱབ་སྤེལ་ནས་བཤད་རྒྱུར། གྲུ་གཟིངས་ཤིག་ཨ་མན་ཉེ་འགྲམ་གྱི་མཚོ་ཁོངས་སུ་མེ་ཤོར་བ་དང་། མེ་ཤོར་བའི་རྒྱུ་རྐྱེན་གནས་སྐབས་སུ་གཏན་འཁེལ་བྱེད་ཐུབ་མེད།
བརྡ་ཁྱབ་ལས་བཤད་རྒྱུར། དོན་རྐྱེན་དེ་ནི་ཨ་མན་ཁུའུ་མུའུ་ཀྲ་ཨར་ནུབ་བྱང་གི་མཚོ་ལེ་བརྒྱད་ཀྱི་མཚམས་སུ་བྱུང་། དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་བྱ་སྤྱོད་གཞུང་ལས་ཁང་གིས་འཛམ་གླིང་ལ་མཐུན་སྦྱོར་བྱེད་སྐབས་ཀྱི་ཚེས19ཉིན་གྱི་ཆུ་ཚོད22དང་སྐར་མ45(པེ་ཅིང་གི་དུས་ཚོད་ཚེས20ཉིན་གྱི་ཆུ་ཚོད6དང་སྐར་མ45)སྟེང་དོན་རྐྱེན་སྙན་ཞུ་འབྱོར།
བརྡ་ཁྱབ་ནང་མེ་ཤོར་བའི་གྲུ་གཟིངས་ཀྱི་མིང་དང་། གྲུ་དར་གྱི་རྒྱལ་ཁབ། དེ་མིན་མི་སྣ་ཤི་རྨས་བྱུང་ཡོད་མེད་བཅས་ཕྱིར་བསྒྲགས་མེད།
མཚོ་འགྲུལ་གྲུ་པ་ཞིག་གིས་ཚེས20ཉིན་གྱི་ཐོ་རེངས་སུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མཁོ་འདོན་བྱས་པའི་གྲུ་གཟིངས་སྐུད་མེད་གློག་འཕྲིན་གྱི་སྤྱི་པའི་འཕྲིན་ལམ་གྱི་སྒྲ་ཕབ་ལས་ཨ་རིའི་དམག་དཔུང་གིས་སྐུད་མེད་གློག་འཕྲིན་ཐེངས་མང་བཏང་བ་བརྒྱུད་དོན་རྐྱེན་དང་འབྲེལ་བ་ཡོད་པའི་གྲུ་གཟིངས་ཀྱི་གནས་ཚུལ་གཏན་འཁེལ་བྱས་ཀྱང་ཆ་འཕྲིན་གྱི་ལན་འབྱོར་མེད།
ཤ་བོ་རིན་མཚོས་བསྒྱུར།
འཕྲིན་སྟེགས། weikangba