ཨ་རིའི་དམག་གིས་བསྟུད་མར་མཚན་དགུ་ལ་དབྱི་རག་ལ་འཇབ་རྒོལ་བྱས།

2026-07-21
297

ཨ་རིའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས19ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་རིའི་དམག་དཔུང་གིས་ཉིན་དེར་དབྱི་ལང་ལ་སྐོར་ཐེངས་གསར་པའི་མཁའ་རྒོལ་བྱས་པ་དང་། དེ་ནི་བསྟུད་མར་མཚན་དགུ་ལ་དབྱི་ལང་ལ་དམག་དོན་བྱ་སྤྱོད་སྤེལ་བ་ཞིག་རེད།

གསལ་བསྒྲགས་ལས་བསྟན་དོན། སྐོར་ཐེངས་གསར་པའི་མཁའ་རྒོལ་དེ་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས19ཉིན་གྱི་ཆུ་ཚོད19(པེ་ཅིང་གི་དུས་ཚོད་ཚེས20ཉིན་གྱི་ཆུ་ཚོད7པ)ནས་འགོ་བརྩམས་པ་དང་། དེའི་དམིགས་ཡུལ་ནི“དབྱི་ལང་གི་ཕར་རྒོལ་དེ་ཧོའར་མུའུ་ཙི་མཚོ་འགག་བརྒྱུད་པའི་ཚོང་གྲུ་དང་མང་ཚོགས་དཀྱུས་མའི་མཚོ་འགྲུལ་གྲུ་པའི་དམག་དོན་ནུས་པ་རྒྱུན་མཐུད་ངང་ཉམས་ཞན་དུ་གཏོང་རྒྱུ” དེ་རེད།

ཉིན་དེའི་དུས་ཚོད་སྔ་ཙམ་ལ། ཨ་རིའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཤད་རྒྱུར། ཨ་རིའི་མཚོ་དམག་གིས་དབྱི་ལིང་ལ་མུ་མཐུད་དུ་མཚོ་ཐོག་བཀག་སྡོམ་བྱས་ཡོད་ཟེར། ཚེས19ཉིན་བར། ཨ་རིའི་དམག་དཔུང་གིས་ཚོང་གྲུ6གི་ཁ་ཕྱོགས་བསྒྱུར་ནས་ཚོང་གྲུ་ཞིག་གི་འགྲུལ་སྐྱོད་ནུས་པ་ཤོར་བ་རེད།

ཤ་བོ་རིན་མཚོས་བསྒྱུར།


  • 顶