ཁ་ན་ཏས་རྒྱལ་ཁོངས་སུ་ཡོང་བར་ཚོད་འཛིན་བྱེད་ཐབས་གསར་བ་ལག་བསྟར་བྱས་ནས་ཨེ་པོ་ལ་རིམས་ནད་མཆེད་པར་སྔོན་འགོག་བྱས།

2026-07-21
431

ཁ་ན་ཏའི་སྤྱི་པའི་འཕྲོད་བསྟེན་ཅུས་ཀྱིས་ཚེས19ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གནས་སྐབས་རྒྱལ་ཁོངས་སུ་ཡོང་བར་ཚོད་འཛིན་བྱེད་ཐབས་གསར་པ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། ཨེ་པོ་ལ་ནད་དུག་ཁ་ན་ཏ་རུ་ཁྱབ་པ་དང་རྒྱལ་ཁོངས་སུ་ཁྱབ་པའི་ཉེན་ཁ་ཇེ་ཆུང་དུ་བཏང་།

གསལ་བསྒྲགས་ལས་བསྟན་དོན། ཁ་ན་ཏའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས20ཉིན་གྱི་ཆུ་ཚོད23དང་སྐར་མ59ནས་བཟུང་། འདས་ཟིན་པའི་ཉིན21ནང་ཁོང་གོ(ཅིན)ལ་འཚམས་འདྲིར་ཡོང་མྱོང་བའི་ཕྱི་རྒྱལ་གྱི་སྤྱི་དམངས་གང་རུང་ཞིག་ཁ་ན་ཏ་རུ་ཡོང་མི་ཆོག དུས་མཚུངས་སུ། ཁ་ན་ཏ་སྲིད་གཞུང་གིས་འབྲེལ་ཡོད་མཁའ་འགྲུལ་བཅའ་ཁྲིམས་ཀྱི་བླང་བྱ་ལྟར་མཁའ་འགྲུལ་ཀུང་སིས་ཕྱི་རྒྱལ་གྱི་སྤྱི་དམངས་དེ་རིགས་གནམ་གྲུར་བསྡད་ནས་ཁ་ན་ཏ་ལ་འགྲོ་རུ་བཅུག་མི་ཆོག་ཟེར།

ཁ་ན་ཏའི་སྤྱི་པའི་འཕྲོད་བསྟེན་ཅུས་ཀྱིས་བསྟན་དོན། མིག་སྔར་ཨེ་པོ་ལ་རིམས་ནད་ཀྱིས་ཁ་ན་ཏའི་མི་དམངས་ཀྱི་བདེ་ཐང་གི་ཉེན་ཁ་སྔར་བཞིན་ཆུ་ཚད་དམའ་ཙམ་དུ་གནས་པ་མ་ཟད། མངའ་ཁོངས་ནང་ད་བར་དུ་འབྲེལ་ཡོད་ཡུལ་སྐོར་ནང་འདྲེན་གྱི་ནད་དཔེ་སྙན་ཞུ་བྱས་མེད་པ་དང་། གནས་སྐབས་རྒྱལ་ཁོངས་སུ་འཛུལ་བའི་བྱེད་ཐབས་ནི་རྦད་དེ་བསམ་གཞིག་གཟབ་ནན་བྱས་པ་ཞིག་ཡིན་ཟེར།

ཁ་ན་ཏའི་སྤྱི་པའི་འཕྲོད་བསྟེན་ཅུས་ཀྱིས་ཟླ5པའི་ཚེས26ཉིན་གནས་སྐབས་རྒྱལ་ཁོངས་སུ་ཡོང་བར་ཚོད་འཛིན་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། ཟླ5པའི་ཚེས27ཉིན་ནས་བཟུང་མ་འོངས་པའི་ཉིན90ཡི་ནང་ཁོང་གོ(ཅིན)དང་། ཝུའུ་ཀན་ཏ། སུའུ་ཏན་ལྷོ་མ་བཅས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གསུམ་གྱི་སྡོད་དམངས་ཁ་ན་ཏ་རུ་ཡོང་བར་བཀག་འགོག་བྱས་ཡོད། དུས་མཚུངས་སུ་ཁ་ན་ཏ་ཕྱོགས་ཀྱིས་རྒྱལ་ཁབ་འདི་དག་གི་སྡོད་དམངས་ཀྱི་འཐུས་མཆན་འགོད་པའི་རེ་ཞུ་ལ་ཞིབ་བཤེར་ཆོག་མཆན་འགོད་མཚམས་བཞག

ཤ་བོ་རིན་མཚོས་བསྒྱུར།


  • 顶