ཨ་རིའི་དམག་མི་ཞིག་གིས་དབྱི་རག་ནས་དབྱི་ལིང་གི་འབྲེལ་བའི་ལས་འགན་ལག་བསྟར་བྱེད་སྐབས་རྐྱེན་ལམ་དུ་ཤོར།

2026-07-21
384

ཨ་རིའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས19ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཤད་རྒྱུར། ཨ་རིའི་དམག་མི་ཞིག་གིས་ཚེས18ཉིན་དབྱི་རག་གི་བྱང་རྒྱུད་དུ་དབྱི་ལིང་དང་འབྲེལ་བ་ཡོད་པའི་ལས་འགན་སྒྲུབ་སྐབས་རྐྱེན་ལམ་དུ་ཤོར་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། སྐབས་དེར་ཨ་རིའི་དམག་དཔུང་གིས་ས་ལ་ལྷུང་བའི་དབྱི་ལང་གི་ཕྱོགས་རྐྱང་མི་མེད་གནམ་གྲུ་ལ་ཕར་རྒོལ་བྱེད་པའི་རྫས་མདེལ་ལ་ཚོད་འཛིན་ཐེབས་ནས་འབར་གས་བྱུང་བ་དང་། མི་སྣ་དེ་ལས་འགན་ཁྲོད་རྐྱེན་ལམ་དུ་ཤོར་ལ། ཨ་རིའི་དམག་མི་གཞན་ཞིག་ལ་རྨས་ཡང་མོ་ཕོག་ཡོད།

དེ་ལས་གཞན། ཨ་རིའི་དམག་དཔུང་གིས་ཡོའེ་ཏན་དུ་ཚེས17ཉིན་དབྱི་ལང་གི་འཇབ་རྒོལ་ཐེབས་རྗེས་གར་སོང་ཆ་མེད་དུ་གྱུར་པའི་ཨ་རིའི་དམག་མི་ཞིག་འཚོལ་ཞིབ་བྱས་ཤིང་། མིག་སྔར་ཐོབ་ཐང་མི་གསལ་བའི་ཤུལ་ལུས་རུས་པ་ཞིག་ཤེས་རྟོགས་བྱུང་བ་དང་། གསལ་འབྱེད་ཞིབ་དཔྱད་བྱ་བ་སྒྲུབ་བཞིན་པའི་སྒང་རེད། ཨ་རིའི་སྨྱན་སྦྱོར་བ་ཁ་ཤས་ཀྱིས་མིང་མ་བཀོད་པའི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་བཤད་རྒྱུར། རྙེད་ཟིན་པའི་ཤུལ་ལུས་རུས་པ་དེ་གར་སོང་ཆ་མེད་དུ་གྱུར་པའི་ཨ་རིའི་དམག་མི་དེ་རེད་ཞེས་བཤད།

ཤ་བོ་རིན་མཚོས་བསྒྱུར།


  • 顶