ཚེས19ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཤད་རྒྱུར། ཨ་རིའི་རྒྱལ་སྲིད་བློན་ཆེན་ལུའུ་པི་ཨའོ་ཡིས་ཉིན་དེར་འཚམས་འདྲིར་ཕེབས་པའི་ལེ་པ་ནུན་གྱི་ཙུང་ཐུང་ཨའོ་ཨིན་དང་མཇལ་འཕྲད་གནང་ནས་ཨ་རི་དང་ལེ་པ་ནུན་དང་དབྱི་སི་རལ་ཕྱོགས་གསུམ་གྱི་སྒྲོམ་གཞིའི་གྲོས་མཐུན་ལག་བསྟར་བྱས་ཚུལ་ལ་གྲོས་བསྡུར་བྱས།
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུཪ། ཕྱོགས་གཉིས་ཀྱིས་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མེད་པཪ་བཟོ་བ་དང་། ཁོ་ཚོའི“འཇིགས་སྐུལ་རིང་ལུགས་ཀྱི་རྨང་གཞིའི་སྒྲིག་བཀོད”མེད་པཪ་བཟོ་བ། ལེ་པ་ནུན་དུ་ཞི་བདེ་དང་འདྲ་མཉམ་མངོན་འགྱུར་བྱེད་པ་བཅས་ཀྱི་དོན་དག་ལ་གྲོས་བསྡུར་བྱས་པ་དང་། ལུའུ་པི་ཨའོ་ཡིས་གྲོས་མོལ་བྱེད་པའི་སྐབས་སུ་ཨ་རིས་ཕྱོགས་གསུམ་གྱི་སྒྲོམ་གཞིའི་གྲོས་མཐུན་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་བསྒྲགས་བྱས།
དབུས་ཤར་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས21ཉིན་ཕོ་བྲང་དཀར་པོ་ནས་ཨའོ་ཨིན་དང་མཇལ་འཕྲད་བྱ་རྒྱུ་ཡིན་པ་དེ་ནི་ཨའོ་ཨིན་གྱིས2025ལོའི་ཟླ་དང་པོར་ལེ་པ་ནུན་གྱི་ཙུང་ཐུང་གི་འགན་བཞེས་པའི་ཚུན་ལ་ཨ་རིའི་ཙུང་ཐུང་དང་དངོས་སུ་མཇལ་འཕྲད་བྱེད་ཐེངས་དང་པོ་ཡིན་ལ། 2009ལོ་ནས་བཟུང་ལེ་པ་ནུན་རྒྱལ་ཁབ་ཀྱི་གཙོ་འཛིན་གྱིས་་ཕོ་བྲང་དཀར་པོར་འཚམས་འདྲི་བྱེད་ཐེངས་དང་པོ་ཡང་ཡིན་པ་རེད།
ཟླ6ཚེས26ཉིན། ཨ་རིའི་འདུམ་འགྲིག་འོག་ལེ་པ་ནུན་དང་དབྱི་སི་རལ་གྱིས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད། གྲོས་མཐུན་ལྟཪ་ན། དབྱི་སི་རལ་དམག་དཔུང་ལེ་པ་ནུན་ལྷོ་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ནས་རིམ་བཞིན་ཕྱིར་འཐེན་བྱ་རྒྱུ་དང་། ལེ་པ་ནུན་དམག་དཔུང་གིས་འབྲེལ་ཡོད་ས་ཁོངས་རྩིས་ལེན་བདག་སྤྲོད་བྱ་རྒྱུ་མ་ཟད། ས་གནས་དེ་གའི་དྲག་ཆས་རྩ་འཛུགས་མེད་པཪ་བཟོ་རྒྱུར་སྐུལ་འདེད་བཏང་ནས་དམག་འཁྲུག་མཚམས་འཇོག་པ་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་ཆ་རྐྱེན་བསྐྲུན་རྒྱུ་རེད། འོན་ཀྱང་ལེ་པ་ནུན་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་དམག་དཔུང་དང་ཐད་ཀར་གྲོས་མོལ་བྱ་རྒྱུ་ཁས་མ་བླངས་པ་མ་ཟད། སྒྲོམ་གཞིའི་གྲོས་མཐུན་དེ་ལག་བསྟར་བྱེད་རྩིས་བྱེད་པའི་བྱ་སྤྱོད་གང་རུང་ལ་བཀག་འགོག་བྱ་རྒྱུ་དང་དྲག་ཆས་བསྐྱུར་མི་སྲིད་ཟེཪ། སྒྲོམ་གཞིའི་གྲོས་མཐུན་བཞག་རྗེས་དབྱི་སི་རལ་གྱིས་ལེ་པ་ནུན་མངའ་ཁོངས་ཀྱི་དམིགས་འབེན་ལ་དམག་དོན་རྡུང་རྡེག་ཐེངས་མང་བཏང་ཡོད།
ཟླ7ཚེས14ཉིན། ལེ་པ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་དབྱི་ཐ་ལིའི་རྒྱལ་ས་རོ་མར་ཪུ་རེས་སྐོར་གསར་པའི་གྲོས་མོལ་བྱས་ནས་སྒྲོམ་གཞིའི་གྲོས་མཐུན་དོན་འཁྱོལ་དང་། དབྱི་སི་རལ་དམག་དཔུང་ལེ་པ་ནུན་ལྷོ་རྒྱུད་ནས་ཕྱིར་འཐེན་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་གྲོས་མོལ་བྱས། གནས་ཚུལ་སྤེལ་བར་གཞིགས་ན། ཕྱོགས་གཉིས་ཀྱིས་དབྱི་སི་རལ་དམག་དཔུང་ལེ་པ་ནུན་ལྷོ་རྒྱུད་ཀྱི་ཁག་དང་པོའི“ཚོད་ལྟའི་ས་ཁོངས”གཉིས་ནས་ཕྱིར་འཐེན་བྱེད་པ་དང་། རྗེས་ཕྱོགས་ལེ་པ་ནུན་གྱི་དམག་དཔུང་བཅའ་སྡོད་བཀོད་སྒྲིག་ལམ་སྲོལ་གྱི་གནད་དོན་ཐད་འཕེལ་རྒྱས་གསར་བ་བྱུང་ཡོད།
ཤ་བོ་གསེར་མཚོས་བསྒྱུར།
འཕྲིན་སྟེགས། weikangba