དབྱིན་ཇིའི་ཚོང་ལས་དང་ཉོ་ཚོང་པུའུ་ཡི་རྒྱལ་དོན་བློན་ཆེན་པུའུ་ལའེ་ཨིན་ཐི་ཡིས་ཚེས15བདེན་དཔང་བྱས་དོན། དབྱིན་ཇིའི་སྲིད་གཞུང་གིས་དབྱི་སི་རལ་གྱི་ཁྲིམས་འགལ་གཏན་སྡོད་བྱེད་སར་དམིས་པའི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་གི་བཀག་སྡོམ་བཀའ་རྒྱ་ཞིག་གཏན་འབེབས་བྱེད་བཞིན་ཡོད་ཟེར།
པུའུ་ལའེ་ཨིན་ཐི་ཡིས་བསྟན་དོན། དངོས་ཟོང་གི་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་འདུས་པའི་ཕྱིར་གཏོང་ནང་འདྲེན་གྱི་བྱ་བ་ཡོད་ཚད་གཏན་འགོག་གི་གྲས་སུ་བཞག་ཡོད་ཟེར་ཡང་། ཁོས་བཀག་སྡོམ་བཀའ་རྒྱའི་སྲིད་ཇུས་བཏོན་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་བཤད་མེད་ཟེར།
དུས་ཡུན་རིང་བོར། དབྱིན་ཇིའི་སྲིད་གཞུང་གིས་ནམ་རྒྱུན་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་སོགས་སུ་ཁྲིམས་འགལ་གྱི་གཏན་སྡོད་བྱེད་ས་ལས་པར་ངོ་རྒོལ་བྱེད་བཞིན་ཡོད་ལ། གཏན་སྡོད་བྱེད་ས་དེ་དག་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་བསམ་བཞིན་ཡོད།
དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བར་སྒུག་པའི་པའོ་ནཱ་མུའུ་ཡིས་ཉེ་སྔོན་དབྱིན་ཇིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གལ་ཏེ་ཁོས་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་ན། དབྱི་སི་རལ་སྲིད་གཞུང་ལ་གནོན་ཤུགས་སྔར་ལས་མང་བོ་སྟེར་སྲིད་པ་དང་། དེའི་ནང་མི་སྒེར་དང་ཚོགས་པར་བཀག་སྡོམ་བྱེད་པ་དང་། དབྱི་སི་རལ་གྱི་ཁྲིམས་འགལ་གཏན་སྡོད་བྱེད་སའི་བར་དངོས་ཟོང་ཉོ་ཚོང་གཏན་འགོག་བྱེད་པ་སོགས་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba