དབྱི་ལང་གི་ས་ཁུལ་མང་བོར་ཨ་མེ་རི་ཁའི་དམག་དཔུང་གི་འཇབ་རྒོལ་ཐེབས།

2026-07-17
313

དབྱི་ལང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས16ཉིན་གྱི་ཞོགས་པར་བསྒྲགས་པ་ལྟར་ན། དབྱི་ལང་གི་ཧའོ་ཨར་མུའུ་ཙི་ཀན་ཞིང་ཆེན་དང་ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན། ཧུའུ་ཆི་སི་ཐན་ཞིང་ཆེན་བཅས་ཀྱི་ས་ཁུལ་མང་བོར་ཨ་མེ་རི་ཁའི་དམག་དཔུང་གི་འཇབ་རྒོལ་ཐེབས་ཡོད་ཟེར།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་ལང་ལྷོ་ངོས་ཀྱི་ཞེ་ལི་ཁི་ས་ཁུལ་དང་ཨ་པཱ་སི་གྲུ་ཁ། ཀི་ཧྲི་མུའུ་གླིང་ཕྲན་སོགས་སུ་སྒྱོགས་མདེལ་བཀོལ་ནས་འཇབ་རྒོལ་བྱས་པ་དང་། ས་ཁུལ་སོ་སོར་གཏོར་བརླག་ཐེབས་པའི་གནས་ཚུལ་ལ་རྟོག་དཔྱོད་ཞིབ་ཏུ་བྱས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཟེར།

དེའི་སྔོན་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས15ཉིན་གྱི་ཕྱི་དྲོའི་དུས་ཚོདགསུམ་སྟེང་དབྱི་ལང་ལ་ཉིན་དེའི་ཆམ་ཕབ་འགུལ་སྐྱོད་ཐེངས་གཉིས་པ་སྤེལ་མགོ་བརྩམས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶