མཱ་ལེ་ཞི་ཡཱའི་ཙུང་ལི་ཡིས་དྲ་རྒྱའི་སློབ་གྲྭའི་གྱོད་དོན་ལ་འབྲེལ་བའི་དབྱི་སི་རལ་གྱི་མི་མཐར་སྐྲོད་གཏོང་རྒྱུའི་ཚུལ་བསྟན།

2026-07-17
430

མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་གྱིས་ཚེས15ཉིན་བསྟན་དོན། སྲིད་གཞུང་གིས་རིག་ཧྥོ་མངའ་སྡེའི་དྲ་རྒྱའི་སློབ་གྲྭའི་གྱོད་དོན་དེར་དབྱི་སི་རལ་གྱི་མི་ཞུགས་ཡོད་མེད་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། གལ་ཏེ་རྩད་ཆོད་ན། ཁོ་ཚོ་མྱུར་མོར་རང་གི་མངའ་ཁོངས་ནས་མཐར་སྐྲོད་གཏོང་རྒྱུ་ཡིན་ཟེར།

ཨན་ཝ་ཨར་ཉིན་དེར་བྱ་འགུལ་ཅིག་ལ་ཞུགས་སྐབས་བཤད་རྒྱུར། ང་ཚོས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཅིང་། གནས་ཚུལ་དེ་འདྲ་གཏན་ནས་འབྱུང་མི་རུང་། གལ་ཏེ་དོན་དངོས་སུ་གནས་ཚུལ་དེ་འདྲ་ཡོད་ན། ངེས་པར་དུ་འགུལ་སྐྱོད་སྤེལ་དགོས། རྒྱུ་མཚན་ནི་མཱ་ལེ་ཞི་ཡཱ་ཡིས་དབྱི་སི་རལ་ཁས་ལེན་མི་བྱེད་པས་ཡིན་ལ། འབྲེལ་ཡོད་མི་སྣ་དག་མྱུར་མོར་མཱ་ལེ་ཞི་ཡཱའི་མངའ་ཁོངས་ནས་མཐར་སྐྲོད་གཏོང་རྒྱུ་ཡིན་ཟེར།

ས་དེའི་སྨྱན་བྱད་ཀྱིས་ཉེ་སྔོན་བསྒྲགས་པ་ལྟར་ན། རིག་ཧྥོ་མངའ་སྡེ་ནས་དབྱི་སི་རལ་གྱི་མིའི་ཐོབ་ཐང་གསང་རྒྱ་བྱས་ཤིང་། རྒྱལ་ཁབ་གཞན་པའི་ཐོབ་ཐང་བེད་སྤྱོད་བྱས་ཏེ་དྲ་རྒྱའི་སློབ་གྲྭའི་ལས་གཉེར་ཁྲོད་ཞུགས་ཡོད་པ་རྩད་ཆད་པས་གྲགས་འགུལ་ཆེན་པོ་བྱུང་ཡོད་ཟེར།

མཱ་ལེ་ཞི་ཡཱ་ནི་ཕཱ་ལེ་སི་ཐན་ལས་དོན་གྱི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་མཁན་ཡིན་ཞིང་། ད་ལྟའི་བར་དུ་དབྱི་སི་རལ་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་མེད་ལ། དབྱི་སི་རལ་གྱི་རྒྱལ་ཁབ་བདག་དབང་ཡང་ཁས་ལེན་མི་བྱེད་པ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།



  • 顶