སོ་ཏི་ཨ་རབ་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་ཧུའུ་སེ་དྲག་ཆས་པའི་འཕུར་མདའི་འཇབ་རྒོལ་ཐེབས།

2026-07-15
348

སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་མཱ་ལེ་ཅི་ཡིས་ཚེས13ཉིན་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་གཏོང་འཕེན་བྱས་པའི་འཕུར་མདའ་བཀག་ཡོད་ཟེར།

ཉིན་དེའི་སྔ་དྲོར། ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ཀྱིས་གནམ་གྲུའི་ཐང་ལ་འཇབ་རྒོལ་བྱས་པར་སྐྱོན་འཛུགས་བྱས། ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་རྒྱུག་ལམ་ལ་བར་སྣང་འཇབ་རྒོལ་ཐེངས་མང་བྱས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶