ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་ཧའོ་ཨར་མུའུ་ཙི་མཚོ་འགག་བདག་བཟུང་བྱས་ནས་ཁེ་ཕན་ཐོབ་ཏུ་འཇུག་རྩིས་ཡོད་པའི་ཚུལ་བསྟན།

2026-07-15
257

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས13ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཧའོ་ཨར་མུའུ་ཙི་མཚོ་འགག་བདག་བཟུང་བྱེད་རྩིས་ཡོད་པར་མ་ཟད། ཆུ་ལམ་གཙོ་བོ་དེར་སྲུང་སྐྱོབ་བྱས་པའི་དབང་གིས་ཁ་གསབ་ཐོབ་འོས་ཟེར།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཧྥུའུ་ཁི་སི་གསར་འགྱུར་འཕྲིན་ལམ་གྱི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་མཚོ་འགག་དེ་སྲུང་སྲིད་པར་མ་ཟད་དེ་བདག་བཟུང་བྱེད་ངེས་ཡིན། ང་ཚོ་མཚོ་འགག་དེ་སྲུང་སྐྱོབ་མཁན་དུ་འགྱུར་སྲིད་པར་མ་ཟད། དོན་དེའི་དབང་གིས་ཁ་གསལ་ཐོབ་འོས་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་དབྱི་ལང་ལ་འཇབ་རྒོལ་བྱེད་རྒྱུའི་འཇིགས་སྐུལ་བྱས། ཁོས་བཤད་རྒྱུར། དབྱི་ལང་གིས་ནམ་ཡིན་ཡང་གྲོས་མཐུན་ལ་གཏོར་བརླག་བྱེད་བཞིན་ཡོད། ང་ཚོས་དབྱི་ལང་བར་གྲོས་མཐུན་སྣ་བཅུ་བཀོད་མྱོང་ཡོད། དེ་བས་ང་ཚོས་དབྱི་ལང་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶