དབྱི་ལང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པས་གཏོར་བརླག་ཐེབས་པའི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ལྟ་ཞིབ་བྱེད་པར་འཐད་པ་འབྱུང་མི་སྲིད་པའི་ཚུལ་བསྟན།

2026-07-15
407

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། ཉིན་དེར་དབྱི་ལང་ཕྱོགས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཉེ་སྔོན་འཁྲུག་རྩོད་ཁྲོད་གཏོར་བརླག་ཐེབས་པའི་དབྱི་ལང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ལྟ་ཞིབ་བྱེད་པར་འཐད་པ་ཡིན་མིན་འདྲི་སྐབས། དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་འཐད་པ་མིན་ཅེས་ལན་བཏབ།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶