ཨ་རིའི་གཟའ་འཁོར་འདིའི་ནང་དབྱི་ལང་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཐེངས་གསུམ་སྤེལ།

2026-07-13
264

ཨ་རིའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས11ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨ་རིའི་དམག་དཔུང་གིས་གཟའ་འཁོར་འདིའི་ནང་དབྱི་ལང་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྐོར་ཐེངས་གསུམ་སྤེལ་ཟེར།

ཨ་རིའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་རྩོམ་ཡིག་ནང་བཤད་རྒྱུར། ཨ་རིའི་དམག་དཔུང་གིས་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས11ཉིན་གྱི་ཆུ་ཚོད་བཅུ་དགུ་དང་སྐར་མ་བཅོ་ལྔའི་སྟེང་དབྱི་ལང་ལ་རྡུང་རྡེག་གཏོང་འགོ་བརྩམས། དབྱི་ལང་གིས་དེ་སྔོན་ཧོ་ཨར་མུའུ་ཙི་མཚོ་འགག་ཏུ་སེབ་རུ་སིའི་རྒྱལ་དར་བཀལ་བའི་དོས་སྒམ་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་པ་དང་།  མི་གཅིག་གར་སོང་ཆ་མེད་དུ་གྱུར་ལ།  གྲུ་གཟིངས་ཀྱི་གྲུ་གཅལ་མེར་འབར་ནས་མུ་མཐུད་དུ་འགྲུལ་བཞུད་བྱེད་ཐབས་བྲལ་ཟེར།

ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧི་ཀི་སེ་སི་ཡིས་རྩོམ་ཡིག་བརྒྱུད་སྤེལ་བྱས་པར་མ་ཟད།  དབྱི་ལང་གིས་གདམ་གསེས་མི་ལེགས་པ་ཞིག་བྱས་པས།  ད་ལྟ་ཁོ་ཚོས་རིན་དོད་བཏང་ཡོད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།


  • 顶