ཝེ་ནེ་ཙུའེ་ལའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་མི་གྲངས4333ལ་འཕར།

2026-07-13
402

ཝེ་ནེ་ཙུའེ་ལ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཧའོ་འར་ཧི.ལོ་ཏི་ལེ་ཀི་སི་ཡིས་ཚེས11ཉིན་ཝེ་ནེ་ཙུའེ་ལའི་རྒྱལ་ས་ཅ་ལ་ཅ་སི་རུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་འདིར་ཟླ6པའི་ཚེས24ཉིན་བྱུང་བའི་ས་ཡོམ་དྲག་པོ་གཉིས་ལས་མི4333རྐྱེན་ལམ་དུ་ཤོར་ཞིང་། མི་ཆིག་ཁྲི་དྲུག་སྟོང་བདུན་བརྒྱ་བཞི་བཅུར་རྨས་ཕོག

ཝེ་ནེ་ཙུའེ་ལ་གཞུང་ཕྱོགས་ཀྱི་སྡོམ་རྩིས་གཞི་གྲངས་གསར་པ་ལྟར་ན། ས་ཡོམ་དྲག་པོ་བྱུང་བའི་ཚུན་ལ། ཡོམ་འཕྲོ་ཆིག་སྟོང་ཉིས་བརྒྱ་གཉིས་བྱུང་བ་ཟིན་ཐོར་བཀོད་ཡོད།


  • 顶