ཝེ་ཐེ་ནམ་གྱི་ཧྥུའུ་ཀོ་གླིང་ཕྲན་གྱི་མྱུར་གྲུ་ཞིག་མགོ་རྟིང་སློག་ནས་མི15རྐྱེན་ལམ་དུ་ཤོར།

2026-07-13
436

ཝེ་ཐེ་ནམ་མྱུར་འཕྲིན་དྲ་རྒྱས་ཚེས11ཉིན་གསར་འགོད་ལྟར་ན། མྱུར་གྲུ་ཞིག་ཉིན་དེར་ཝེ་ཐེ་ནམ་གྱི་ལྷོ་རྒྱུད་ཧྥུའུ་ཀོ་གླིང་ཕྲན་ཉེ་འཁོར་གྱི་མཚོ་ཁོངས་ནས་མགོ་རྟིང་སློག་སྟེ། མིག་སྔར་མི15རྐྱེན་ལམ་དུ་ཤོར།

གསར་འགོད་ལས་ཧྥུའུ་ཀོ་དམིགས་བསལ་ཁུལ་གྱི་དཔོན་ཕྱོགས་ཀྱི་གནས་ཚུལ་དྲངས་ནས་བཤད་རྒྱུར། དོན་རྐྱེན་བྱུང་བའི་མྱུར་གྲུའི་སྟེང་རྒྱ་གར་གྱི་ཡུལ་སྐོར་བ32དང་། གྲུ་བ3། ལས་སྒྲུབ་པ1བཅས་ཡོད། ས་དེའི་ཚེས11ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ། མྱུར་གྲུར་གློ་བུར་དུ་ཆག་སྐྱོན་བྱུང་ནས་མགོ་རྟིང་སློག་པ་དང་། གྲུ་སྟེང་གི་མི་ཚང་མ་ཆུར་ལྷུང་བ་རེད།

གསར་འགོད་ལྟར་ན། རོགས་སྐྱོབ་མི་སྣས་གྲུ་སྟེང་གི་མི36ཚང་མ་རྙེད་པ་དང་། དེའི་ཁྲོད་མི15རྐྱེན་ལམ་དུ་ཤོར་ཞིང་། མི21སྲོག་ཉེན་ལས་ཐར་བ་རེད། སྲོག་ཉེན་ལས་ཐར་བའི་ཁྲོད་མི18ཀྱི་གནས་ཚུལ་ཚབས་ཆེ་ཞིང་། སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ།

མིག་སྔར། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་སྔར་བཞིན་བརྟག་དཔྱད་བྱེད་ཀྱིན་ཡོད།


  • 顶