ཝེ་ནེ་ཙུའེ་ལཱའི་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས3535ལ་བསླེབས།

2026-07-08
232

ཝེ་ནེ་ཙུའེ་ལཱའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཧའོ་ཨར་ཧི་ལོ་ཏི་ལི་ཀི་སི་ཡིས་ཚེས6ཉིན་སྨྱན་བྱད་ལ་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཏུ་ཉེ་སྔོན་ས་ཡོམ་དྲག་པོ་ཐེངས་གཉིས་བྱུང་བ་ལས་མི3535རྐྱེན་ལམ་དུ་ཤོར་བ་དང་། མི16740ལ་རྨས་ཕོག་ཡོད་ཟེར།

ཝེ་ནེ་ཙུའེ་ལཱའི་དཔོན་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། མིག་སྔའི་བར་དུ་མི6462བསྐྱབས་པ་དང་། མི17854ལ་སྔར་བཞིན་འགྲོ་སའི་ཁྱིམ་མེད། ཟླ6པའི་ཚེས24ཉིན་ས་ཡོམ་དྲག་པོ་བྱུང་བའི་ཚུན་ལ། ཐོ་འགོད་བྱས་པའི་ས་ཡོམ་ཆུང་བ་ཐེངས1048བྱུང་།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶