སི་རི་ལན་ཁ་ས་གནས་ཀྱི་སྨྱན་སྦྱོར་གྱིས་ཚེས6ཉིན་གསར་འགོད་ལྟར་ན། རྒྱལ་ཁབ་འདིའི་ནུབ་རྒྱུད་གྲོང་ཁྱེར་ནེ་ཀན་པུའུ་ཡི་བཙོན་ཁང་ཞིག་ཏུ་ཟིང་འཁྲུག་བྱུང་ནས། མིག་སྔར་མི25རྐྱེན་ལམ་དུ་ཤོར་བ་དང་། མི100ཡས་མས་ལ་རྨས་ཕོག
ས་གནས་ཀྱི་ཉེན་རྟོགས་ཕྱོགས་ཀྱིས་བསྟན་དོན། འདས་པོའི་ཁྲོད་མི་ལྔ་ནི་བཙོན་ཁང་གི་དཔོན་རིགས་ཡིན་ལ། མི20བཙོན་མ་ཡིན། རྨས་མའི་ཁྲོད་དུ་ཉེན་རྟོག་ཕྱོགས་ཀྱི་བདེ་འཇགས་དམག་དཔུང་གི་ཁོངས་མི་བཅུ་ཕྲག་འདུས་ཡོད་ལ། མིག་སྔར་ཉེ་འཁོར་གྱི་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་ཡོད།
གསར་འགོད་ལྟར་ན། ས་དེའི་ཚེས5ཉིན་གྱི་ཕྱི་དྲོའི་དུས་ཚོད1ཡས་མས་སུ། བཙོན་ཁང་འདིའི་བཙོན་མའི་ཚོགས་གཉིས་བར་འགལ་ཟླ་བྱུང་ནས། བཙོན་མ2ཤི་བ་དང་། མི30ལྷག་རྨས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་དགོང་མོ་ཙམ་ལ་གནས་བབ་ཚོད་འཛིན་བྱས་ཡོད་པ་བསྒྲགས་མོད། ཚེས6ཉིན་གྱི་ཞོགས་པར་བཙོན་ཁང་འདིའི་ནང་དུ་ཡང་བསྐྱར་མི་སྣའི་འགལ་ཟླའི་ཟིང་འཁྲུག་བྱུང་བ་རེད། སི་རི་ལན་ཁའི་ཉེན་རྟོག་ཕྱོགས་ཀྱིས་བཙོན་ཁང་འདིར་ཉེན་རྟོག་པ་མང་དུ་མངགས་ནས་གནས་བབ་ཚོད་འཛིན་བྱས་པ་རེད།
འཕྲིན་སྟེགས། weikangba