ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་བྲེལ་མྱུར་ཨུ་ཡོན་ལྷན་ཁང་གཏོར་རྒྱུ་ཁྱབ་བསྒྲགས་བྱས།

2026-07-08
350

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚོད་འཛིན་བྱེད་པའི་ཅཱ་ཧྲ་ས་ཁུལ་གྱི་སྲིད་གཞུང་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས6ཉིན་ཁྱབ་བསྒྲགས་བྱས་དོན། ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་བྲེལ་མྱུར་ཨུ་ཡོན་ལྷན་ཁང་གཏོར་ནས། ཅཱ་ཧྲ་ས་ཁུལ་གྱི་སྲིད་འཛིན་དོ་དམ་དབང་ཆ་དེ་ཅཱ་ཧྲ་རྒྱལ་ཁབ་སྲིད་འཛིན་ཨུ་ཡོན་ལྷན་ཁང་ལ་བརྒྱུད་སྤྲོད་བྱེད་པར་གྲ་སྒྲིག་བྱེད་རྒྱུ་ཡིན་ཟེར།

སྨྱན་བྱད་གཞུང་སྒྲུབ་ཁང་དེའི་ཀྲུའུ་རེན་སཱ་ཝ་པུའུ་ཐཱ་ཡིས་ཅཱ་ཧྲ་འི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པར་མ་ཟད། བྲེལ་མྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལཱ་ཧྥ་ཡིས་ལས་ཁུར་དགོངས་ཞུ་བྱེད་པའི་དངོས་གཞིའི་སྙན་ཞུ་སྤྲད་པ་དང་། དེ་གྲོས་མཐུན་སྣ་ཚོགས་དངོས་འབེབས་བྱེད་པར་ཕན་ཐོགས་ཡོད་པར་མ་ཟད། སྲིད་འཛིན་དོ་དམ་དབང་ཆའི་བར་བརྒལ་ལ་སྐུལ་འདེད་གཏོང་ཐུབ་ཟེར།

སཱ་ཝ་པུའུ་ཐཱ་ཡིས་བསྟན་དོན། བྱེད་ཐབས་དེ་སྤྱད་པ་ནི་ཅཱ་ཧྲ་ས་ཁུལ་གྱི་ནང་ཁུལ་ལས་དོན་བསྐྱར་འཛུགས་བྱེད་པ་དང་སྲིད་འཛིན་དོ་དམ་དབང་ཆ་དེ་ཅཱ་ཧྲའི་རྒྱལ་ཁབ་སྲིད་འཛིན་ཨུ་ཡོན་ལྷན་ཁང་ལ་བརྒྱུད་སྤྲོད་བྱེད་པའི་བྱ་བ་བདེ་བླག་ངངང་སྤེལ་བར་འགན་སྲུང་བྱེད་པ་དང་། མང་ཚོགས་ཀྱི་རྒྱུན་མཐུད་ཀྱི་རིགས་རྒྱུད་ཚར་གཅོད་ཀྱི་འཐབ་འཁྲུག་དང་བསྐྱར་འཛུགས་འཕེལ་རིམ་གྱི་འགོར་འགྱངས། མངའ་ཁོངས་རྒྱུ་ལམ་གྱི་བཀག་སྡོམ། དེ་མིན་དབྱི་སི་རལ་གྱི་དམག་དཔུང་ཕྱིར་འཐེན་མ་བྱས་པ་བཅས་ལས་བྱུང་བའི་དཀའ་སྡུག་ཇེ་ཡང་དུ་གཏོང་ཆེད་ཡིན་ཟེར།

སཱ་ཝ་པུའུ་ཐཱ་ཡིས་འབྲེལ་ཡོད་ཕྱོགས་ཚང་མས་ཅཱ་ཧྲའི་རྒྱལ་ཁབ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་རང་གི་རྒྱལ་ཁབ་དང་སྲིད་འཛིན་གྱི་འགན་འཁྲི་ལག་བསྟར་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶