ཙེ་ལིན་སི་ཅི་ཡིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་ཝུའུ་ཁི་ལན་གྱི་མཁའ་སྲུང་གི་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

2026-07-08
254

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས6ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་གྲོགས་པོ་དག་གིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྩེ་ཚོགས་སྟེང་ཝུའུ་ཁི་ལན་གྱི་མཁའ་སྲུང་ཐད་རྒྱབ་སྐྱོར་བྱེད་པར་ཆོད་དོན་ནུས་ལྡན་འདོན་པར་རེ་བཞིན་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཚེས5ཉིན་གྱི་དགོང་མོ་ནས་ཚེས6ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ལ་འཕུར་མདའ68དང་མི་མེད་གནམ་གྲུ351གཏོང་འཕེན་བྱས་པ་དང་། ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནི་འཇབ་རྒོལ་བྱེད་སའི་དམིགས་འབེན་གཙོ་བོ་རེད། ཚེས6ཉིན་གྱི་སྔ་དྲོའི་བར། ཅི་ཧྥུའུ་གྲོང་ཁྱེར་གྱི་བར་སྣང་འཇབ་རྒོལ་ལས་མི11རྐྱེན་ལམ་དུ་ཤོར་བ་དང་། ས་དེའི་གནས་བཅུ་ལྷག་ལ་འཇབ་རྒོལ་ཐེབས་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་མཁའ་སྲུང་འཕུར་མདའ་འདོན་སྤྲོད་བྱས་པ་མི་འདང་བས། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སིའི་འཕུར་མདའ་འགོག་པའི་ཐད་ཀྱི་ནུས་པ་བཟང་རྒྱུ་མེད། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་གྲོགས་པོ་དག་གིས་བྱང་ཆིངས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ། ཝུའུ་ཁི་ལན་གྱི་མཁའ་སྲུང་ཐད་ཀྱི་རྒྱབ་སྐྱོར་ལ་ཆོད་དོན་ནུས་ལྡན་འདོན་པར་རེ་བཞིན་ཡོད། རྒྱལ་གཅེས་མཁན་གྱི་འཕུར་མདའ་སྔར་བཞིན་མནའ་མཐུན་གྲོགས་པོའི་མཛོད་ཁང་དུ་ལུས་ཚེ། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་སྡོད་དམངས་ཐོག་ཁང་ལ་འཇབ་རྒོལ་བྱེད་སྲིད། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་རིགས་དེ་མཚུངས་ཀྱི་འཇབ་རྒོལ་འབྱུང་བར་སྔོན་འགོག་བྱེད་པའི་སྟོབས་ཤུགས་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་རྩེ་ཚོགས་དེ་ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་སྤེལ་རྒྱུ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶