ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས5ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཁྲའོ་ཞན་གྱིས་ཚེས3ཉིན“ཅང་ཅན”རྟགས་ཅན་གྱི་འདེད་སྤྲོད་གྲུ་གཟིངས་ཀྱི་འཐབ་འཛིང་མ་ལག་གཤིས་ནུས་དཔྱད་འཇོག་ཚོད་ལྟ་བྱས་ཤིང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་འབྲེལ་ཡོད་ཚོད་ལྟར་ལྟ་སྦྱོང་བྱས།
གནས་ཚུལ་ལྟར་ན། མཚོན་ཆའི་མ་ལག་གཤིས་ནུས་དཔྱད་འཇོག་ཚོད་ལྟའི་འཆར་གཞི་ལྟར། “ཅང་ཅན”རྟགས་ཅན་གྱི་འདེད་སྤྲོད་གྲུ་གཟིངས་ལ་འཐབ་ཇུས་སྐོར་སྐྱོད་ཀྱི་འཕུར་མདེལ་ཚོད་ལྟའི་འཕེན་གཏོང་དང་གྲུ་གཟིངས་ཀྱི་མེ་སྒྱོགས་དང་སྦག་སྦག་མེ་མདའ། གློག་རྡུལ་འཐབ་འཁྲུག་གི་འཐབ་རྩལ་སོགས་མཚོན་ཆ་གཙོ་བོའི་མ་ལག་ཚོད་ལྟ་བྱས་ཟེར།
ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཁྲའོ་ཞན་གྱིས་དམག་འཁྲུག་བཀག་འགོག་ནུས་པ་དང་དམག་འཁྲུག་ལག་བསྟར་བྱེད་ནུས་སྲུང་འཛིན་དང་རྒྱུན་ཆད་མེད་པར་རིམ་སྤོར་བྱེད་པར་མུ་མཐུད་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་ཡིན། ཁོས“ཅང་ཅན”རྟགས་ཅན་གྱི་འདེད་སྤྲོད་གྲུ་གཟིངས་ཀྱི་ཚོད་ལྟ་ལས་རིམ་ལེགས་འགྲུབ་བྱུང་རྗེས། ཟླ་གཉིས་ཀྱི་རིང་མཚོ་དམག་ལ་སྤྲད་ནས་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུའི་བླང་བྱ་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།
འཕྲིན་སྟེགས། weikangba