ཞིན་ཧྭ་གསར་འགྱུར་ཁང་ལཱ་ཏེན་མེ་གླིང་སྤྱི་ཁྱབ་ཡན་ལག་ཁང་གིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་མའོ་ཞི་ཁོའི་རིག་ནུས་དཔལ་འབྱོར་འཕེལ་རྒྱས་གོ་སྐབས་ཀྱི་དཔྱད་བསྡུར་ཚོགས་འདུ་ཚེས26ཉིན་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས་སྤེལ།
དཔྱད་བསྡུར་ཚོགས་འདུ་ནས་མི་ཐབས་རིག་ནུས་ལག་རྩལ་གྱི་ལཱ་ཏེན་མེ་གླིང་རྒྱལ་ཁབ་ཀྱི་བེད་སྤྱོད་དང་། ཀྲུང་གོ་དང་མའོ་ཞི་ཁོའམ་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་རིག་ནུས་དཔལ་འབྱོར་མཉམ་ལས་ཀྱི་མདུན་ལྗོངས་སོགས་ཀྱི་ཐད་ནས་བརྗེ་རེས་བྱས། མའོ་ཞི་ཁོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཏའོ་ཅང་དང་། མའོ་ཞི་ཁོའི་དམངས་གྲོས་ཁང་གི་མའོ་ཞི་ཁོ་དང་ཀྲུང་གོའི་གྲོས་ཁང་མཛའ་འབྲེལ་ཚན་ཆུང་གི་ཀྲུའུ་ཞི་པཱ་སི་ཁི་སི། མའོ་ཞི་ཁོ་རྒྱལ་ཡོངས་བཟོ་ལས་སྤྱི་ཁྱབ་ཚོགས་པའི་རྒྱལ་ཡོངས་ཨུ་ཡོན་ཁཱ་ལོས་ཝུན་སོགས་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་འཐུས་མི50ལྷག་བྱ་འགུལ་ལ་ཞུགས།
ཁྲིན་ཏའོ་ཅང་གིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཤར་ནུབ་ཕྱེད་གླིང་གི་གསར་དར་དཔལ་འབྱོར་ཚོགས་པ་གཉིས་ཡིན་པའི་ཆ་ནས། ཀྲུང་གོ་ནི་གོ་ལ་ཧྲིལ་བོའི་རིག་ནུས་དཔལ་འབྱོར་གསར་གཏོད་ལག་ལེན་གྱི་འཚོལ་ཞིབ་མཁན་ཡིན་པ་དང་། མའོ་ཞི་ཁོ་ནི་ལཱ་ཏེན་མེ་གླིང་ས་ཁུལ་གྱི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་སྣེ་ཁྲིད་མཁན་གཙོ་བོ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཐེངས་འདིའི་དཔྱད་བསྡུར་ཚོགས་འདུ་བརྒྱུད་དེ། མདུན་གྲལ་ལག་རྩལ་ཞིབ་འཇུག་དང་ཐོན་ལས་མཉམ་འདྲེས་ནུས་སྩོལ། མ་འོངས་འཇོན་མའི་གསོ་སྐྱོང་བཅས་ཀྱི་བརྗེ་རེས་སྟེགས་བུ་ཆེན་པོ་གསུམ་མཉམ་དུ་གསར་བསྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ཆོག
ཕཱ་སི་ཁི་སི་སོགས་མའོ་ཞི་ཁོ་ཕྱོགས་ཀྱི་ཚོགས་ཞུགས་མི་སྣས་བསྟན་དོན། ཞིན་ཧྭ་གསར་འགྱུར་ཁང་གིས་སྨྱན་བྱད་སྟེགས་བུའི་འབྲེལ་འདྲིས་ནུས་པ་བཟང་བོ་འདོན་སྤེལ་བྱས་ཤིང་། མའོ་ཞི་ཁོ་དང་ཀྲུང་གོའི་ལས་རིགས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་མི་ཐབས་རིག་ནུས་བེད་སྤྱོད་ཀྱི་གོ་སྐབས་དང་ཉེན་ཁར་ངོས་འཛིན་པར་ཕན་ཐོགས་ཡོད་ལ། ཕྱོགས་གཉིས་ཀྱིས་སྨྱན་བྱད་ཀྱིས་བསྐྲུན་པའི་རྒྱུན་རྣམ་ཅན་གྱི་གྲོས་མོལ་མཉམ་ལས་རྐྱེན་སྲོལ་དེ་བརྒྱུད་དེ་བརྗེ་རེས་དང་འབྲེལ་མཐུད་ལ་སྐུལ་འདེད་བཏང་ཡོད་ཟེར།
ཞིན་ཧྭ་གསར་འགྱུར་ཁང་ལཱ་ཏེན་མེ་གླིང་སྤྱི་ཁྱབ་ཡན་ལག་ཁང་གི་འགན་ཁུར་བས་བསྟན་དོན། ཞིན་ཧྭ་གསར་འགྱུར་ཁང་གིས་དུས་ཡུན་རིང་བོར་ཀྲུང་གོ་དང་མའོ་ཞི་ཁོའམ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་སྨྱན་བྱད་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ལ། ཐེངས་འདིའི་དཔྱད་བསྡུར་ཚོགས་འདུ་གོ་སྐབས་སུ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མའོ་ཞི་ཁོ་དང་ལཱ་ཏེན་མེ་གླིང་ས་ཁུལ་གྱི་སྨྱན་བྱད་དང་རིག་མཛོད་བར་གྱི་འབྲེལ་འདྲིས་རོགས་ལས་ལ་ཤུགས་སྣོན་བྱས་ཤིང་། རིག་ནུས་དཔལ་འབྱོར་དང་གཞི་གྲངས་ཚུལ་བསྒྱུར་སོགས་ཀྱི་གྲོས་གཞིའི་ཐད་ནས་མཉམ་དུ་དྲིལ་བསྒྲགས་དང་ཞིབ་འཇུག་བྱེད་འདོད་ཡོད་ཟེར།
བྱ་འགུལ་སྤེལ་སྐབས་ད་རུང་ཞིན་ཧྭ་འཕྲིན་གཏོང་ཁང་གིས་རྩོམ་སྒྲིག་བྱས་པའི་དུས་རབས་གསར་བའི་རྒྱལ་སྐྱོང་སྲིད་འཛིན་གྱི་དངོས་བྲིས་ཞེས་པའི་པོད་དང་པོ་མཚམས་སྦྱོར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba