དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཨ་མེ་རི་ཁས་བཏོན་པའི་གྲོས་གཞི་ལུགས་མཐུན་མིན་པའི་ཚུལ་བསྟན།

2026-03-31
436

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་བར་འདུམ་ཕྱོགས་བརྒྱུད་དེ་དབྱི་ལིང་ལ་སྤྲད་པའི་འབྲེལ་ཡོད་ཀྱི་གྲོས་གཞི་དེ་ལུགས་མཐུན་མིན་ཟེར།

པཱ་ཅཱ་ཨེ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་གྲོས་གཞིའི་དབྱི་ལིང་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བའི་ལས་དོན་ལ་ཕྱི་འབྲེལ་གྱི་གཟབ་ནན་རང་བཞིན་མི་ལྡན་ཟེར།

ཁོས་ད་རུང་བསྟན་དོན། དབྱི་ལིང་གིས་ངེས་པར་དུ་རང་གི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་དང་། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་ལིང་ལ་དཔུང་འཇུག་མི་བྱེད་པར་ཁག་ཐེག་ཐོབ་དགོས་ཟེར།

པཱ་ཅཱ་ཨེ་ཡིས་བསྟན་དོན། དབྱི་ལིང་གི་དམག་དོན་འགུལ་སྐྱོད་ནི་ཨ་རབ་རྒྱལ་ཁབ་དག་ལ་དམིགས་པ་མ་ཡིན་པར། དབྱི་ལིང་ལ་དཔུང་འཇུག་བྱེད་པར་བཀོལ་བའི་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་དམག་དོན་རྟེན་གཞི་དང་རྒྱུ་ནོར་ལ་དམིགས་པ་ཙམ་ཡིན་ཟེར། པཱ་ཅཱ་ཨེ་ཡིས་བཤད་རྒྱུར། དེ་ནི་ཨ་མེ་རི་ཁའི་མི་དམངས་དང་དབྱི་ལིང་མི་དམངས་བར་གྱི་འཐབ་འཁྲུག་མིན་པ་དང་། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ས་ཁུལ་འདིར་བཙན་པོ་གཉའ་འཇོག་བྱས་པའི་འཐབ་འཁྲུག་ཅིག་ཡིན་ལ། ཨ་མེ་རི་ཁས་ངེས་པར་དུ་མཇུག་འབྲས་ཡོད་ཚད་ལ་འགན་ཁུར་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶