ཁཱ་ཐར་དང་ཝུའུ་ཁི་ལན་གྱིས་འགོག་སྲུང་མཉམ་ལས་ཀྱི་གྲོས་མཐུན་བཀོད།

2026-03-31
309

ཁཱ་ཐར་རྒྱལ་སྲུང་པུའུ་ཡིས་ཚེས28ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། ཁཱ་ཐར་རྒྱལ་སྲུང་པུའུ་དང་ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་འགོག་སྲུང་མཉམ་ལས་ཀྱི་གྲོས་མཐུན་ཞིག་བཀོད་པ་དང་། དེའི་ནང་དོན་ལག་རྩལ་མཉམ་ལས་དང་མཉམ་འབྲེལ་ལས་གཞིའི་གསར་སྤེལ། འགོག་སྲུང་དངུལ་གཏོང་། འཕུར་མདའ་དང་མི་མེད་གནམ་གྲུའི་མ་ལག་ལ་ཁ་གཏད་འཇལ་བའི་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ལ་ཁེབས་ཡོད།

གསལ་སྒྲོག་ལས་བཤད་རྒྱུར། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་རྒྱལ་སྲུང་ལས་དོན་གྱི་བློན་ཆེན་སུའུ་ཨིག་ཏི་ཡིས་ཉིན་དེར་ཏའོ་ཧཱ་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ་དང་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་ཀི་ནཱ་ཐའོ་ཧྥུའུ་གཉིས་དང་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ས་ཁུལ་གྱི་བདེ་འཇགས་གནས་བབ་གསར་བར་ཕྱིར་དྲན་བྱས་པར་མ་ཟད། མིག་སྔའི་གནས་བབ་འོག་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་མཐུན་སྦྱོར་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶