ཟླ3པའི་ཚེས25ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཡིས་ཝུའུ་ཁི་ལན་ལ་རང་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སུའི་རང་བྱུང་སོལ་རླངས་འདྲེན་སྦུག་སྒྲིག་ཆས་ལ་འཇབ་རྒོལ་བྱེད་ཀྱིན་པ་བཀག་འགོག་བྱེད་དགོས་པར་ཡིད་ཆེས་ཡོད་ཟེར།
ཕེ་སི་ཁོ་ཧྥུའུ་ཡིས་ཉིན་དེར་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་ལམ། “ཐུར་ཁེའི་ཞིས”དང“ལན་ཞིས”ཀྱི་རང་བྱུང་སོལ་རླངས་འདྲེན་སྦུག་ལ་འཇབ་རྒོལ་ཕོག་པའི་ཉེན་ཁ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། ཨུ་རུ་སུ་ཕྱོགས་ཀྱིས་དུས་བཅད་ལྟར་ཐུར་ཁེ་ཕྱོགས་ལ་རང་ཕྱོགས་ཀྱིས་དོ་ཁུར་བྱེད་ཀྱིན་ཡོད་ལ། ཨུ་རུ་སུ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་ལ་ཆ་འཕྲིན་ཞིབ་ཕྲ་ཚང་མ་བཤད་ཟིན་པ་དང་། མ་འོངས་བར་ད་དུང་མུ་མཐུད་དེ་ལྟར་བྱ་རྒྱུ་ཡིན་ཟེར།
ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་རང་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། ཧོལ་རྒྱུག་གི་འཇབ་རྒོལ་བྱེད་སྤྱོད་དེ་རིགས་བཀག་འགོག་ཐུབ་རྒྱུར་ཨུ་རུ་སུ་ཕྱོགས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད་ཟེར།
ཉིན་དེར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་བཤད་རྒྱུར། ནུབ་ཕྱོགས་ཀྱི་ལྐོག་ཇུས་འོག་ཏུ། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས“ཐུར་ཁེའི་ཞིས”དང“ལན་ཞིས”ཀྱི་རང་བྱུང་སོལ་རླངས་འདྲེན་སྦུག་ལ་འཇབ་རྒོལ་བྱས་པ་དེའི་སྟེང་ནས། ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་འདོད་མེད་པ་མཚོན་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba