ཨ་རིས་རྒྱལ་ཁབ་75ལ་གནས་སྐབས་རིང་འཐུས་མཆན་སྤྲོད་མཚམས་འཇོག་རྒྱུ་རེད།

2026-01-19
373

ཨ་རིས་རྒྱལ་ཁབ་75ལ་གནས་སྐབས་རིང་འཐུས་མཆན་སྤྲོད་མཚམས་འཇོག་རྒྱུ་རེད།

  ཨ་མེ་རི་ཁའི་ཧྥུ་ཁེ་སིའི་གསར་འགྱུར་ནང་ཚེས་14ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་75ལ་འཐུས་མཆན་ཚང་མ་གནས་སྐབས་སྤྲོད་མཚམས་འཇོག་རྒྱུ་ཡིན་པ་དང་། དེ་ནི་“སྤྱི་པའི་ཁུར་པོར་འགྱུར་ཉེན་ཡོད་པའི་རེ་ཞུ་བྱ་ཡུལ་དེ་དག་ལ་རྡུང་རྡེག་གཏོང་ཆེད་ཡིན་”ཚུལ་གླེང་ཡོད།

  གནས་འཕྲིན་སྤེལ་བའི་ནང་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ནང་སོ་མ་ལི་དང་། ཨུ་རུ་སུ། ཨ་ཧྥུ་ཀ་ནི་སི་ཐན། པར་ཙིར། དབྱི་རན། དབྱི་རག། ཨེ་ཅིབ། ནི་ཀྲེ་རི་ཡ། ཐེ་ལན། ཡེ་མེན་སོགས་ཚུད་ཡོད་པ་རེད།



  • 顶