ཉེ་ལམ་ཀག་ནའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་དང་ཕྱིར་སྡོད་རང་མིས་ཀག་ནའི་བྱང་རྒྱུད་ཀྱི་ས་ཧྥན་ན་ཞིང་ཆེན་གྱི་ཚོ་པའི་གདོང་ཐུག་གི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་མང་ཚོགས་ལ་རོགས་སྐྱོབ་དངོས་རྫས་ཞལ་འདེབས་ཕུལ།
ཀག་ནར་ཡོད་པའི་ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོང་ཚོགས་དང་ཁེ་ལས་སོ་སོ་རྩ་འཛུགས་བྱས་ནས། འབྲས་དང་ཀྲོ་མ་ཀྲུའི་ཁུ་བ།བལ་གདན། སྦྲང་འགོག་བདུག་སྤོས། འདག་རྫས་སོགས་འཚོ་བའི་མཁོ་ཆས་གྲབས་གསོག་བྱས།
ས་ཧྥན་ན་ཞིང་ཆེན་ས་ཁུལ་གྱི་པུའུ་ཀྲང་ས་ལི་སུའུ་·པེ་-ཨ་ཝུའུ་ལི་པེ་ཡིས་དེར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། དེ་དང་མཉམ་དུ་ཁོས་དངོས་རྫས་རྣམས་སྔོན་ལ་པོ་ལའེ་དང་སོ་ལ།ཐུའུ་ན།ཁར་པ་སོགས་གནོད་འཚེ་ཚབས་ཆེ་བའི་ས་ཁུལ་དུ་སྐྱེལ་ནས་ས་ཁུལ་བསྐྱར་སྐྲུན་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།
ཟླ8པའི་ཟླ་མཇུག་ཏུ་ས་ཧྥན་ན་ཞིང་ཆེན་དུ་ས་ཞིང་རྩོད་གླེང་གི་དབང་གིས་ཚོ་ཁག་སོ་སོའི་བར་དུ་གདོང་ཐུག་ཚབས་ཆེན་བྱུང་སྟེ། མི30ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི5ལྷག་ཙམ་ཡུལ་གྱར་བྱས་ཡོད་ལ་མང་ཚོགས་མང་པོ་ཞིག་ཁྱིམ་གཞིས་དང་མི་བྲལ་ཐབས་མེད་བྱུང་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།
འཕྲིན་སྟེགས། weikangba